སི་རི་ཡའི་དམག་ཕྱོགས་ཀྱིས་མི་མེད་གནམ་གྲུ་དགུ་གཏོར།
2024.01.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

སི་རི་ཡའི་དམག་ཕྱོགས་ཀྱིས་ཚེས་གཉིས་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།   སི་རི་ཡའི་དམག་དཔུང་གིས་ཉིན་དེར་རང་མངའ་ཁོངས་ཀྱི་ས་ཁུལ་མང་པོ་ནས་འཇིགས་སྐུལ་རྩ་འཛུགས་ཀྱིས་འཕངས་པའི་མི་མེད་གནམ་གྲུ་དགུ་གཏོར་ཟེར།

གསལ་བསྒྲགས་ཁྲོད་བཤད་རྒྱུར།   འཇིགས་སྐུལ་རྩ་འཛུགས་ཀྱིས་འཕངས་པའི་མི་མེད་གནམ་གྲུ་དགུས་ཉིན་དེར་སི་རི་ཡའི་མངའ་ཁོངས་ཀྱི་དམངས་སྤྱོད་དང་དམག་སྤྱོད་སྒྲིག་ཆས་ལ་འཇབ་རྒོལ་བྱས་པ་དང་།   སི་རི་ཡའི་དམག་ཕྱོགས་ཀྱིས་བྱང་ཕྱོགས་ཀྱི་ཨ་ལེ་ཕོ་ཞིང་ཆེན་དང་དབུས་ཕྱོགས་ཀྱི་ཧཱ་མ་ཞིང་ཆེན། ནུབ་བྱང་ཕྱོགས་ཀྱི་དབྱི་ཏི་ལི་པུའུ་ཞིང་ཆེན་བཅས་ཀྱི་བར་སྣང་ནས་གནམ་གྲུ་དེ་དག་གཏོར་ཟེར།

ན་ནིང་གི་ཟླ10པའི་ཚེས5ཉིན།  སི་རི་ཡའི་དབུས་ཕྱོགས་ཀྱི་ཧོ་མུའུ་སི་ཞིང་ཆེན་གྱི་དམག་དོན་སློབ་གླིང་ཞིག་ཏུ་མཐར་ཕྱིན་མཛད་སྒོ་སྤེལ་སྐབས་མི་མེད་གནམ་གྲུས་འཇབ་རྒོལ་ཐེབས་ཏེ་མི་གྱ་དགུ་རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི་ཉིས་བརྒྱ་དང་དོན་བདུན་ལ་རྨས་ཕོག