འཇར་པན་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཏུང་ཅིན་ཡུས་ཐེན་གནམ་གྲུ་ཐང་གི་རྒྱུག་ལམ་ཐོག་མེ་འབར།
2024.01.03 ཁུངས། ཀློག་གྲངས། 21

འཇར་པན་མཁའ་འགྲུལ་ཀུང་ཟིས་བསྟན་དོན། འཇར་པན་པེ་ཧའེ་ཏའོ་ནས་ཏུང་ཅིན་དུ་འཕུར་བའི་འཇར་པན་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཟླ་དང་པོའི་ཚེས2ཉི་ཡུས་ཐེན་གནམ་གྲུ་ཐང་དུ་འབབ་སྐབས་འཇར་པན་གྱི་མཚོ་ཐོག་བདེ་སྲུང་ཐིན་གྱི་གནམ་གྲུ་ཞིག་དང་ཐོ་བརྒྱབ་ནས་རྒྱུག་ལམ་ཐོག་མེ་ཆེན་པོ་འབར་ཡོད་ཅེས་བཤད། འཇར་པན་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། འཇར་པན་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུའི་ཐོག་གི་འགྲུལ་པ་དང་གནམ་གྲུའི་ཐོག་གི་མི་སྣ379བདེ་འཇགས་ངང་ཕྱིར་འཐེན་བྱས་པ་དང་། འགྲུལ་སྐྱེལ་གནམ་གྲུ་དང་ཐོ་བརྒྱབ་པའི་མཚོ་ཐོག་བདེ་སྲུང་ཐིན་གྱི་གནམ་གྲུའི་ནང་མི6ཡོད་པ་དེའི་ནང་གི་མི2རྐྱེན་ལམ་དུ་ཤོར་བ་གཏན་འཁེལ་བྱས་ཡོད། སྐབས་དེར་བདེ་སྲུང་ཐིན་གྱི་གནམ་གྲུས་ཧྲི་ཁྲོན་རྫོང་ས་ཡོམ་ཐེབས་ཁུལ་དུ་རོགས་སྐྱོབ་དངོས་ཟོག་སྐྱེལ་རྩིས་ཡོད་ཟེར།