ཧན་གོའི་ཙུང་ཐུང་གིས་ལིས་ཙའེ་མེན་ལ་འཇབ་རྒོལ་ཐེབས་པ་དེ་ནི་བཟོད་ཐབས་མེད་པའི་དྲག་ཤུགས་བྱ་སྤྱོད་ཅིག་རེད་ཟེར།
2024.01.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཧན་གོའི་ཙུང་ཐུང་དབྱིན་ཞི་ཡོའེ་ཡིས་ལིས་ཙའེ་མེན་ལ་འཇབ་རྒོལ་ཐེབས་པ་དེ་ནི་བཟོད་ཐབས་མེད་པའི་དྲག་ཤུགས་བྱ་སྤྱོད་ཅིག་རེད་ཟེར།

ཧན་གོའི་ཙུང་ཐུང་དབྱིན་ཞི་ཡོའེ་ཡིས་ཚེས་གཉིས་ཉིན་བཤད་རྒྱུར། ཧན་གོའི་ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་ཐུན་མོང་དམངས་གཙོ་ཏང་གི་ཏང་གཙོ་ལིས་ཙའེ་མེན་ལ་འཇབ་རྒོལ་ཐེབས་པ་དེ་ནི། ཧན་གོའི་སྤྱི་ཚོགས་སྟེང་བཟོད་བསྲན་བྱེད་ཐབས་མེད་པའི་དྲག་ཤུགས་བྱ་སྤྱོད་ཅིག་རེད་ཟེར། དབྱིན་ཞིས་ཡོའེ་ཡིས་བཤད་ན། ཉེན་རྟོག་པ་སོགས་འབྲེལ་ཡོད་སྡེ་ཁག་གིས་མྱུར་དུ་དོན་དངོས་འཚོལ་ཞིབ་བྱ་རྒྱུ་ཡིན་ལ། ནུས་ཤུགས་ཡོད་དགུས་ལིས་ཙའེ་མེན་སྐྱོབ་བཅོས་བྱེད་དགོས་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།