ཤིན་ཧྭ་གསར་འགྱུར་ཁང་གིས་ཧྲིག་ཨར་ནས་ཟླ་དང་པོའི་ཚེས་ལྔ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས་ལྔ་ཉིན་གནས་ཚུལ་སྤེལ་ནས་བཤད་རྒྱུར། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་རྒྱལ་ཁབ་དེའི་དམག་སྤྱོད་སྒྲོམ་འཁོར་བཟོ་གྲྭ་གལ་ཆེན་ལ་ལྟ་ཞིབ་བྱས་ནས། བཟོ་གྲྭ་དེས་ཐོན་སྐྱེད་བྱས་པའི་འཐབ་ཇུས་འཕུར་མདའ་འཕེན་གཏོང་སྒྲོམ་འཁོར་ཆེ་གྲས་དང་དམག་སྤྱོད་སྒྲོམ་འཁོར་སྣ་ཚོགས་ལ་ལྟ་ཞིབ་བྱས་པ་དང་། ལྟ་ཞིབ་ཀྱི་དུས་ཚོད་གསལ་བོར་གླེང་མེད་ཟེར།
བསྒྲགས་པའི་གནས་ཚུལ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ནན་གྱིས་བསྟན་དོན། མིག་སྔར་ཕྱེད་གླིང་གི་གནས་བབ་ཧ་ཅང་ཛ་དྲག་ཡིན་ལ། བཟོ་གྲྭ་འདིས་རྒྱལ་སྲུང་སྟོབས་ཤུགས་ལ་ཤུགས་སྣོན་པར་སྐུལ་འདེད་གཏོང་བའི་ཐད་ལ་གོ་གནས་དང་ནུས་པ་གལ་ཆེན་ལྡན་ཡོད་ཟེར།
བསྒྲགས་པའི་གནས་ཚུལ་ལྟར་ན། ཅིན་ཀྲིན་ཨིན་གྱིས་བསྟན་དོན། འཐབ་རྩལ་སྣ་ཚོགས་དང་དེ་བཞིན་འཐབ་ཇུས་ཀྱི་མཚོན་ཆ་འཕེན་གཏོང་དང་སྒྲོམ་འཁོར་ཐོན་སྐྱེད་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་ཉིང་རྡུལ་དམག་འཁྲུག་གི་བཀག་འགོག་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུའི་ངོས་ནས་བཤད་ན་གལ་འགངས་ཤིན་ཏུ་ཆེ་ཟེར། ཁོས་ད་དུང་བཟོ་གྲྭ་འདི་ལ་མིག་སྔའི་ཐོན་སྐྱེད་འཆར་གཞི་དང་རྒྱང་རིང་གི་ཐོན་སྐྱེད་འཆར་གཞི། ཐོན་སྐྱེད་རྒྱ་བསྐྱེད་པ་བཅས་ཀྱི་ལས་འགན་བཏོན།