ཝུའུ་ཁི་ལན་གྱི་མཁའ་དམག་གིས་འཕུར་མདེལ་བཀོལ་ནས་ཁུ་ལིས་མིས་ཡའི་དམག་བཀོལ་གནམ་གྲུ་ཐང་ཞིག་ལ་འཇབ་རྒོལ་བྱས།
2024.01.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཝུའུ་ཁི་ལན་མཁའ་དམག་གི་དམག་སྤྱི་ཉི་ཀུའུ་ལཱ་ཨོ་ལེ་ཞིའུ་ཁུ་ཡིས་ཚེས་དྲུག་ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་ཆ་འཕྲིན་སྤེལ་ཏེ་བཤད་རྒྱུར།   ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཨུ་རུ་སིའི་དམག་དཔུང་གི་ཁུ་ལིས་མིས་ཡའི་དམག་བཀོལ་གནམ་གྲུ་ཐང་ཞིག་ལ་འཕུར་མདེལ་གྱིས་འཇབ་རྒོལ་བྱས་ཏེ་ཨུ་རུ་སིའི་དམག་དཔུང་གི་བཀོད་འདོམས་ཁང་ཞིག་གཏོར་ཟེར།

ཝུའུ་ཁི་ལན་མཁའ་དམག་གིས་དུས་མཉམ་དུ་བཤད་རྒྱུར།  ཨུ་རུ་སིའི་མིས་ལའོ-31རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་མཁའ་དབྱིངས་སུ་འཕུར་བ་དང་།  ཝུའུ་ཁི་ལན་འཕུར་མདེལ་གྱིས་འཇབ་རྒོལ་བྱེད་པའི་འཇིགས་ཉེན་ལ་འཕྲད་ཅིང་།  ཝུའུ་ཁི་ལན་གྱི་མངའ་ཁོངས་ཡོངས་སུ་སྐབས་བསྟུན་གྱི་མཁའ་ཟོན་ཉེན་བརྡ་བཏང་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་བདེན་དཔང་བྱས་དོན།   ཨུ་རུ་སིའི་དམག་དཔུང་གིས་ཚེས་ལྔ་ཉིན་ཁུ་ལིས་མིས་ཡ་ས་ཁུལ་གྱི་བར་སྣང་དུ་ཝུའུ་ཁི་ལན་གྱིས་འཕངས་པའི་འཕུར་མདེལ་བཞི་བཀག་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།