ལེ་པ་ནུན་དྲག་ཆས་རྩ་འཛུགས་ཀྱིས་དབྱི་སི་རལ་ཕྱོགས་ལ་མེ་ཤུགས་འཕུར་མདའ་བཅུ་ཕྲག་ལྷག་འཕངས།
2024.01.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་དྲུག་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།   ཉིན་དེའི་སྔ་དྲོར་ལེ་པ་ནུན་དྲག་ཆས་རྩ་འཛུགས་ཀྱིས་དབྱི་སི་རལ་བྱང་ཕྱོགས་ཀྱི་མཱེ་ལུང་ས་ཁུལ་དུ་མེ་ཤུགས་འཕུར་མདའ་བཞི་བཅུ་ལྷག་འཕངས་པ་དང་།   དབྱི་སི་རལ་དམག་དཔུང་གིས་ཕྱིར་རྒོལ་ལན་སྤྲད་ཟེར།   གསལ་བསྒྲགས་ཁྲོད་དུ་མེ་ཤུགས་མཕུར་མདའ་འཕེན་མཁན་གྱི་གནས་ཚུལ་གང་ཡང་བསྒྲགས་མེད།

ལེ་པ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་དྲུག་ཉིན་བསྒྲགས་པ་ལྟར་ན།    ཚེས་གཉིས་ཉིན་པེ་ལུའུ་ཐི་རུ་རྐྱེན་ལམ་དུ་ཤོར་བའི་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མ་སིའི་ཆབ་སྲིད་ཅུའུ་ཡི་ཀྲུའུ་ཞི་གཞོན་པ་སཱ་ལིས་ཧི་ཨ་ལུའུ་ལི་ལ་འཁོན་ལན་སློག་ཆེད།  ཧཱ་མ་སི་ཡིས་ཉིན་དེའི་སྔ་དྲོར་ལེ་པ་ནུན་མངའ་ཁོངས་སུ་དབྱི་སི་རལ་གྱི་མཱེ་ལུང་གི་མཁའ་དབྱིངས་འགྲིམ་འགྲུལ་དོ་དམ་རྟེན་གཞིར་འཕུར་མདེལ་དང་མེ་ཤུགས་འཕུར་མདའ་དྲུག་ཅུ་ཙམ་འཕངས་སྟེ་མི་ལ་ཤི་རྨས་བཟོས་ཟེར།

ཆ་འཕྲིན་སྤེལ་རག་བར་དུ།   དབྱི་སི་རལ་བྱང་ཕྱོགས་ས་ཁུལ་གྱི་གཞིས་ཁུལ་མང་པོར་སྔར་བཞིན་མཁའ་ཟོན་ཉེན་བརྡ་གྲགས་བཞིན་ཡོད།

ལྷ་མོ་ཚེ་རིང་གིས་བསྒྱུར།