དབྱི་སི་རལ་དམག་དཔུང་གིས་ཧ་མ་སིའི་ཅཱ་ཧྲ་བྱང་རྒྱུད་ཀྱི་དམག་དོན་སྟོབས་ཤུགས་རྩ་མེད་དུ་བཏང་ཡོད་ཟེར།
2024.01.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

དབྱི་སི་རལ་གྱི་རྒྱལ་སྲུང་དམག་གི་མགྲིན་ཚབ་པ་ཧ་ཅཱ་ལིས་ཀྱིས་ཚེས6ཉིན་གྱི་དགོང་མོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སིའི)ཅཱ་ཧྲ་བྱང་རྒྱུད་ཀྱི་དམག་དོན་སྟོབས་ཤུགས་རྩ་མེད་དུ་བཏང་ཡོད་ཟེར།

ཧ་ཅཱ་ལིས་ཀྱིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་དུས་ཡུན་ཟླ་ངོ་གསུམ་གྱི་རིང་གཞི་ནས་ཧ་མཱ་སིའི་ཅཱ་ཧྲ་བྱང་རྒྱུད་ཀྱི་སྟོབས་ཤུགས་རྩ་མེད་དུ་བཏང་ཡོད་ནའང་། དབྱི་སི་རལ་ལ་སྔར་བཞིན་ཅཱ་ཧྲ་བྱང་རྒྱུད་ཕྱོགས་ནས་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་བཞིན་ཡོད། མིག་སྔར་དབྱི་སི་རལ་དམག་དཔུང་གི་ལས་འགན་གཙོ་བོ་ནི། ཧ་མ་སིའི་ཅཱ་ཧྲ་ས་ཁུལ་གྱི་དབུས་རྒྱུད་དང་ལྷོ་རྒྱུད་ཀྱི་དམག་དོན་སྟོབས་ཤུགས་རྩ་མེད་དུ་གཏོང་རྒྱུ་དེ་ཡིན་ཟེར།

ཕ་ལེ་སི་ཐན་བརྙན་འཕྲིན་ལས་ཁུངས་ཀྱིས་ཚེས6ཉིན་གནས་ཚུལ་སྤེལ་བ་ལྟར་ན། དབྱི་སི་རལ་གྱིས་དམག་གིས་ཉིན་དེའི་ཐོ་རེངས་ནས་བཟུང་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ཧན་ཡིའུ་ཉི་ཟི་ཡི་ས་ཁུལ་མང་པོ་བསྟུད་མར་འགས་གཏོར་བཏང་ནས། ཉུང་མཐར་ཡང་མི་སུམ་ཅུ་བསད། ཉིན་དེར་དབྱི་སི་རལ་དམག་དཔུང་གིས་ད་དུང་ཅཱ་ཧྲ་གྲོང་ཁྱེར་དང་ཅ་ཧྲའི་དབུས་རྒྱུད་ས་ཁུལ་ལ་འཇབ་རྒོལ་ཐེངས་མང་བྱས་ནས། མི་བཅུ་ལྷག་རྨས།

ཕ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཚེས6ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། འདས་ཟིན་པའི་དུས་ཚོད་ཉེར་བཞིའི་རིང་ལ། དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་ལ་འཇབ་རྒོལ་བྱས་ནས་མི་བརྒྱ་དང་ཉེར་གཉིས་བསད་པ་དང་མི་ཉིས་བརྒྱ་དང་ང་དྲུག་རྨས། 2023ལོའི་ཟླ10ཚེས7ཉིན་སྐབས་གསར་པའི་ཕ་ཁི་སི་ཐན་དང་དབྱི་སི་རལ་བར་དམག་འཁྲུག་བྱུང་བ་ནས་བཟུང་། དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ནས། མི་ཁྲི་གཉིས་དང་སྟོང་གཉིས་བདུན་བརྒྱ་ལྷག་བསད་པ་དང་། མི་ཁྲི་ལྔ་དང་སྟོང་བརྒྱད་ལྷག་རྨས།

བན་དེ་སྐྱབས་ཀྱིས་བསྒྱུར།