དབྱི་རག་གི་བདེ་འཇགས་དམག་དཔུང་གིས་ཐལ་སྤྱོད་རྩ་འཛུགས་ཀྱི་སྦས་སྐོང་བྱེད་སར་བར་སྣང་འཇབ་རྒོལ་བྱས།
2024.01.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

དབྱི་རག་གི་བདེ་འཇགས་དམག་དཔུང་གིས་ཚེས་བདུན་ཉིན་གྱི་ཞོགས་པར་རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་ཏིས་ཡཱ་ལཱ་ཞིང་ཆེན་གྱི་ཐལ་སྤྱོད་རྩ་འཛུགས་ཀྱི་སྦས་སྐོང་བྱེད་ས་གསུམ་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་དྲག་ཆས་ཉེས་ཅན་བཞི་བསད། སྔ་ཉིན་དབྱི་རག་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཉིན་དེར་དབྱི་རག་གི་དམངས་དམག་དྲག་ཆས་པ་མི་དམངས་སྐུལ་སློང་རྩ་འཛུགས་ཀྱི་དབྱི་རག་བྱང་ཕྱོགས་ཀྱི་སྒྲིག་ཆས་ཤིག་ལ་ཐལ་སྤྱོད་རྩ་འཛུགས་ཀྱི་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག མི་དམངས་སྐུལ་སློང་རྩ་འཛུགས་ནི་མིག་སྔར་དབྱི་རག་དྲག་ཆས་དམག་དཔུང་གི་ཁག་ཅིག་ཡིན་པ་དང་། དབྱི་རག་གིས་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།