ཧྥ་རན་སིའི་ཙུང་ལི་པའོ་ཨར་ནེ་ཡི་ལས་སྐྱུར་དགོངས་ཞུ་བྱས།
2024.01.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བརྒྱད་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཉིན་དེར་ཙུང་ལི་པའོ་ཨར་ནེ་ཡིས་སྤྲད་པའི་ལས་སྐྱུར་དགོངས་ཞུ་དང་ལེན་བྱས་ཟེར།

མཱ་ཁི་ལུང་གིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས་པའོ་ཨར་ནེ་ཡིས་ཙུང་ལིའི་འགན་ཁུར་བའི་སྐབས་སུ་བསྒྲུབས་པའི་བྱ་བར་བཀའ་དྲིན་ཞུས།

པའོ་ཨར་ནེ་ཡིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་ལྔ་བར་ཧྥ་རན་སིའི་ཙུང་ལིའི་འགན་ཁུར་བ་རེད།

ཧྥ་རན་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཧྥ་རན་སིའི་ཆབ་སྲིད་རྒྱུན་སྲོལ་ལྟར་ན། ཙུང་ཐུང་གིས་ཙུང་ལི་གསར་བ་བསྐོ་འཇོག་མ་བྱས་གོང་། ད་ལྟའི་ཙུང་ལི་ཡིས་ལས་སྐྱུར་དགོངས་ཞུ་སྤྲོད་དགོས་པ་རེད།

ཧྥ་རན་སིའི་སྲིད་འཛིན་ལས་ཁུངས་ཀྱི་བཅོས་སྒྲིག་ལ་འབྲེལ་བའི་བཤད་ཚུལ་བྱུང་ནས་ཉིན་འགའ་འགོར་ཡོད། དབྱེ་ཞིབ་མི་སྣས་བལྟས་ན། ན་ནིང་ལས་སྐྱུར་ངལ་གསོའི་ལམ་ལུགས་ཀྱི་བཅོས་བསྒྱུར་དང་གནས་སྤོར་སྡོད་དམངས་བཅའ་ཁྲིམས་གསར་བར་གྲོས་འཆམ་བྱུང་བ་དང་བསྟུན་ནས། མཱ་ཁི་ལུང་ལ་ལོ་གསར་བའི་ནང་སྲིད་གཞུང་གི་མགོ་ཁྲིད་ཚན་ཁག་གསར་བ་ཞིག་མཁོ་བར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།