དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། མི་གཉིས་བསྡད་ཡོད་པའི་རྩལ་ཁྲིད་སྦྱོང་བརྡར་གནམ་གྲུ་ཞིག་ཚེསདགུ་ཉིན་དབྱི་ལིང་བྱང་ཕྱོགས་ཀྱི་ཨིག་ཨར་པུའུ་ཨར་ཧྲི་ཞིང་ཆེན་ནས་གར་སོང་རྙེད་མེད་ཟེར།
ཨིག་ཨར་པུའུ་ཨར་ཧྲི་ཞིང་ཆེན་གྱི་སཱ་བོ་ཅི་པའོ་ལཱ་ཀི་རྫོང་གི་དཔོན་རིགས་ཀྱིས་བཤད་རྒྱུར། རྩལ་ཁྲིད་སྦྱོང་བརྡར་གནམ་གྲུ་དེ་སཱ་བོ་ཅི་པའོ་ལཱ་ཀི་རྫོང་ནས་འཕུར་ཏེ་དུས་ཚོད་གཉིས་འགོར་རྗེས་འབྲེལ་ཐག་ཆད་ནས་གར་སོང་མ་རྙེད་ཟེར།
ཨིག་ཨར་པུའུ་ཨར་ཧྲི་ཞིང་ཆེན་གྱི་ཟླ་གསར་དམར་པོ་ཚོགས་པའི་སྤྱི་ཁྱབ་ལས་འཛིན་པ་ཧཱ་ལཱ་ཧྥེ་ཡིས་བཤད་རྒྱུར། གནམ་གྲུ་དེ་སར་ལྷུང་བ་ཡིན་ཡང་སྲིད། རྒུད་སྐྱོབ་རུ་ཁག་བདུན་མངག་ནས་གནམ་གྲུའི་སྟེང་གི་མི་སྣ་འཚོལ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།