ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་སྨྱན་བྱད་གཞུང་སྒྲུབ་ཁང་གིས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་དབུས་ཕྱོགས་ཀྱི་ཨ་ཁི་སཱ་སྨན་ཁང་ཉེ་འདབས་ཀྱི་སྡོད་ཁང་ཞིག་ལ་འཇབ་རྒོལ་བྱས་ནས། ཉུང་མཐར་ཡང་མི་བཞི་བཅུར་ཤི་རྨས་ཐེབས་པ་དང་། འདས་པོའི་གྲས་སུ་གསར་འགོད་པ་གཅིག་འདུས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་བྱུང་ས་ནི་དབྱི་སི་རལ་དམག་དཔུང་གིས་དེའི་སྔོན་བདེ་འཇགས་ས་ཁུལ་དུ་འབོད་པའི་གནས་དེ་ཡིན་ལ། དེ་ལས་ཅཱ་ཧྲ་ས་ཁུལ་དུ་བདེ་འཇགས་ཀྱི་གནས་ཤིག་མེད་པ་ཡང་བསྐྱར་ར་སྤྲོད་བྱས་ཡོད་ཟེར།
གནས་ཚུལ་ཤེས་མཁན་གྱིས་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་བྱུང་སྐབས་སྨན་ཁང་གི་ཉེ་འདབས་སུ་དུད་ནག་འཕྱུར་བ་དང་། སྨན་ཁང་གི་ཕྱི་གྱང་དང་མྱུར་སྐྱོབ་རླངས་འཁོར་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།