ཨ་ཙུའུ་ལའེ་ཡིས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་མཐོང་ཆེན་བྱེད་པའི་ཚུལ་བསྟན།
2024.01.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨ་ཙུའུ་ལའེ་ཡིས་ཚེས་དགུ་ཉིན་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་མཐོང་ཆེན་བྱེད་ཅིང་། ཀྲུང་གོས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པ་དང་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་སྔར་ལས་ཁྱབ་ཁོངས་ཆེ་བའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཨ་ཙུའུ་ལའེ་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཐོབ་ཐང་ཅན་གྱི་འཐུས་མི་གསར་བ་དབྱང་ཞིན་ཡུས་ཀྱིས་སྤྲད་པའི་དཔང་ཡིག་དང་ལེན་བྱེད་སྐབས་གོང་གི་སྐད་ཆ་དེས་བཤད་པ་རེད།

དབྱང་ཞིན་ཡུས་ཀྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ལས་འཛིན་པའི་གྲོས་མོལ་གྲུབ་འབྲས་ཧུར་ཐག་སྒོས་དངོས་འབེབས་བྱས་ནས། སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་བར་ཕན་ནུས་ལྡན་པའི་མཉམ་ལས་བྱེད་རྒྱུ་ཡིན་ཟེར།

དབྱང་ཞིན་ཡུས་ནི་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ཕཱ་རེ་སི་རུ་འབྱོར་ནས་ལས་འགན་གསར་དུ་ཁུར་བ་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།