འབྲུག་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་ཉིན་ཁྱབ་བསྒྲགས་བྱས་པའི་འདེམ་བསྐོའི་མཇུག་འབྲས་ལས་མངོན་པ་ལྟར་ན། ཚེས་དགུ་ཉིན་སྤེལ་བའི་མཇུག་མཐའི་སྐོར་ཐེངས་ཀྱི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་ཁྲོད། མི་དམངས་དམངས་གཙོ་ཏང་ལ་ལས་གནས་མང་ཆེ་བ་ཐོབ་པ་དང་། སྲིད་གཞུང་གསར་བ་རྩ་འཛུགས་བྱེད་རྒྱུ་རེད།
འབྲུག་རྒྱལ་ཁབ་ཀྱིས་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་སྐོར་ཐེངས་དང་པོའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། བསྡོམས་པས་སྲིད་ཏང་ལྔ་འདེམ་བསྐོ་ལ་ཞུགས། མི་དམངས་དམངས་གཙོ་ཏང་དང་ཡོན་ཆིན་ཏང་ལ་འདེམ་ཤོག་ཐོབ་པ་ཆེས་མང་བོ་ཡིན་པས། ཚེས་དགུ་ཉིན་སྤེལ་བའི་མཇུག་མཐའི་སྐོར་ཐེངས་ཀྱི་འདེམ་བསྐོར་ཞུགས་པ་རེད། འབྲུག་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་ཉིན་ཁྱབ་བསྒྲགས་བྱས་པའི་འདེམ་བསྐོའི་མཇུག་འབྲས་ལྟར་ན། རྒྱལ་དམངས་གྲོས་ཁང་གི་ལས་གནས་ཞེ་བདུན་ཁྲོད། མི་དམངས་དམངས་གཙོ་ཏང་དང་ཡོན་ཆིན་ཏང་ལ་སོ་སོར་ལས་གནས་སུམ་ཅུ་དང་ལས་གནས་བཅུ་བདུན་ཐོབ་ཡོད་པ་རེད།
ཐེངས་འདིའི་འདེམ་བསྐོ་ནི་འབྲུག་རྒྱལ་ཁབ་ཀྱིས་ཉིས་སྟོང་བརྒྱད་ལོར་རྒྱལ་བོའི་ཁྲིམས་འཛུགས་ལམ་ལུགས་ལག་བསྟར་བྱས་པའི་ཚུན་ལ་སྤེལ་བའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྐབས་བཞི་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།