ཧྥ་རན་སི་ཡིས་སྲིད་གཞུང་བཅོས་སྒྲིག་བྱས་རྗེས་ཀྱི་ཁོངས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས།
2024.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་བཅོས་སྒྲིག་བྱས་རྗེས་ཀྱི་སྐབས་གསར་བའི་སྲིད་གཞུང་གི་ཁོངས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་ནང་སྲིད་པུའུ་ཀྲང་དང་། ནོར་སྲིད་པུའུ་ཀྲང་སོགས་པུའུ་ཀྲང་བདུན་གྱི་ལས་གནས་སོར་འཇོག་བྱས་ཡོད་ལ། པུའུ་ཀྲང་གཞན་པ་ཚང་མ་བརྗེ་སྤོར་བྱས་ཡོད།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཙུང་ལི་ཨ་ཐཱ་ཨར་གྱི་གྲོས་གཞི་ལྟར། ཙུང་ཐུང་མཱ་ཁི་ལུང་གིས་སྲིད་གཞུང་གསར་བའི་ཁོངས་མི་བསྐོ་འཇོག་བྱས། པུའུ་ཀྲང་བཅུ་གཅིག་དང་པུའུ་ཀྲང་རིམ་པའི་འཐུས་མི་གསུམ་ཡོད་ལ། དེའི་ནང་བུད་མེད་བདུན་ཡོད། པུའུ་ཀྲང་རིམ་པའི་འཐུས་མི་དང་རྒྱལ་སྲིད་དྲུང་ཡིག་གི་འདེམ་སྒུག་པ་གཞན་པ་རྣམས་མ་འོངས་པའི་ཉིན་འགའི་ནང་བསྟུད་མར་ཁྱབ་སྒྲོག་བྱེད་རྒྱུ་རེད།

གསར་འགྱུར་སྤྱི་སྒྲོག་ལྟར་ན། ཙུང་ལི་ཨ་ཐཱ་ཨར་གྱིས་སྐྱེ་ཁམས་དང་ནུས་ཁུངས་འཆར་འགོད་ཀྱི་ལས་དོན་ལ་མཉམ་དུ་འགན་ཁུར་རྒྱུ་ཡིན་པ་དང་། སྲིད་འཛིན་ཏང་བསྐྱར་དར་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་སེ་རོའུ་ཨར་ནེ་ཡིས་ཁི་ལུང་ནཱའི་ཚབ་ཏུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་རྒྱུ་རེད། ནང་སྲིད་པུའུ་ཀྲང་ཏཱ་ཨར་མཱ་ཉིང་དང་། ནོར་སྲིད་པུའུ་ཀྲང་ལེ་མཱེ་ཨར། ཁྲིམས་འཛིན་པུའུ་ཀྲང་མའོ་ལོས་ཏིས། རྒྱལ་སྲུང་པུའུ་ཀྲང་ལེ་ཁི་ཨར་ནེ་སོགས་སྡེ་ཁག་གཙོ་བོ་བདུན་གྱི་པུའུ་ཀྲང་ལས་གནས་སོར་འཇོག་བྱས་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།