བྷང་ག་ལཱའི་སྲིད་འཛིན་ལས་ཁུངས་གསར་བས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
2024.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

བྷང་ག་ལཱའི་ཙུང་ཐུང་ཞེ་ཧཱ་པུའུ་ཏེན་ཁྲུའུ་ཕུའུ་ཡིས་ཚེས་བཅུ་གཅིག་ཉིན་ཙུང་ཐུང་བཞུགས་ཤག་ནས་སྲིད་འཛིན་ལས་ཁུངས་གསར་བས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བའི་མཛད་སྒོར་མགོ་འཛིན་བྱས། ཙུང་ལི་ཧཱ་ཞི་ནཱ་དང་བཅས་པའི་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མི་སོ་བདུན་གྱིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

སྐབས་འདིའི་སྲིད་འཛིན་ལས་ཁུངས་ལ་ཙུང་ལི་དང་པུའུ་ཀྲང་ཉེར་ལྔ། རྒྱལ་སྲིད་པུའུ་ཀྲང་བཅུ་གཅིག་བཅས་འདུས།

དེ་ནི་མི་དམངས་མནའ་འབྲེལ་གྱི་ཀྲུའུ་ཞི་ཧཱ་ཞི་ནཱ་ཡིས་བསྟུད་མར་ཐེངས་བཞི་བར་བྷང་ག་ལཱ་རྒྱལ་ཁབ་ཀྱི་ཙུང་ལིའི་འགན་ཁུར་བ་ཡིན་ལ། ཁོ་མོའི་ཙུང་ལིའི་འགན་ཡུན་ཐེངས་ལྔ་བའང་རེད།

བྷང་ག་ལཱ་རྒྱལ་ཁབ་ཀྱིས་ཟླ་དང་པོའི་ཚེས་བདུན་ཉིན་སྐབས་བཅུ་གཉིས་པའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།