དབྱི་རག་དམག་ཕྱོགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གཉིས་བསད།
2024.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། དབྱི་རག་དམག་ཕྱོགས་ཀྱིས་ཉིན་དེར་རྒྱལ་ས་པཱ་ཀི་ཏཱའི་ཉེ་འདབས་སུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གཉིས་བསད་ཟེར།

ཕཱ་ཀི་ཏཱའི་བྱང་ངོས་ཀྱི་སྤྱི་ལེ་སུམ་ཅུའི་མཚམས་སུ་ཡོད་པའི་ཐཱ་ཨར་མུས་ཡེ་ས་ཁུལ་གྱི་ཉེན་རྟོག་དཔོན་པོ་སེ་དབྱེ་ཏི་ཡིས་གསར་འགོད་པར་བཤད་རྒྱུར། དབྱི་སི་ལིན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་ཉིན་དེར་ཐཱ་ཨར་མུས་ཡེ་ས་ཁུལ་གྱི་དམག་དོན་སོ་ལྟ་ཁང་ཞིག་ལ་འཇབ་རྒོལ་བྱས་པ་དང་། དམག་ཕྱོགས་བར་འཁྲུག་རྩོད་དྲག་པོ་བྱས་ནས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གཉིས་བསད་པ་དང་། དབྱི་རག་དམག་ཕྱོགས་ཀྱི་དམག་མི་གཅིག་ལ་རྨས་ཕོག དབྱི་ལིང་བདེ་འཇགས་དམག་དཔུང་དེའི་རྗེས་སུ་ཡུལ་དངོས་སུ་འབྱོར་ནས་སྔོག་བཤེར་འགུལ་སྐྱོད་སྤེལ་བ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།