ཐུར་ཁེའི་དམག་མི་ལྔ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་རྐྱེན་ལམ་དུ་ཤོར།
2024.01.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཐུར་ཁེའི་དམག་དཔུང་གིས་ཉིན་དེར་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པའི་བར་འཁྲུག་རྩོད་བྱས་ཏེ། ཐུར་ཁེའི་དམག་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱད་ལ་རྨས་ཕོག་ཟེར།

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པ་ཉིན་དེར་དབྱི་རག་བྱང་ཕྱོགས་ཀྱི་མེད་ཐིས་ནཱ་ཉེ་འདབས་སུ་ཡོད་པའི་ཐུར་ཁེའི་དམག་དཔུང་གི་དམག་དོན་རྟེན་གཞི་ཞིག་ཏུ་འགྲོ་རྩིས་བྱས་པས། ཕྱོགས་གཉིས་བར་འཁྲུག་རྩོད་བྱུང་ནས་ཐུར་ཁེའི་དམག་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱད་ལ་རྨས་ཕོག དེའི་ནང་མི་གསུམ་གྱི་རྨས་སྐྱོན་ཚབས་ཆེན་རེད། ཐུར་ཁེའི་དམག་དཔུང་གིས་འཁྲུག་རྩོད་བྱེད་སྐབས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་མི་སྣ་བཅུ་གཉིས་བསད་ཟེར།

ན་ནིང་ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན་དང་ཚེས་ཉེར་གསུམ་ཉིན། ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་མི་སྣས་ཐེངས་གཉིས་ལ་དབྱི་རག་བྱང་ཕྱོགས་སུ་བཅའ་སྡོད་བྱེད་པའི་ཐུར་ཁེའི་དམག་དཔུང་ལ་འཇབ་རྒོལ་བྱས་ནས་ཐུར་ཁེའི་དམག་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།