ཀྲུང་གོ་དང་ཨ་མེ་རི་ཁའི་ནམ་ཟླ་འགུལ་སྐྱོད་བྱ་བའི་ཚན་ཆུང་གིས་ལས་མགོ་རྩོམ་པའི་ཚོགས་འདུ་བསྡུས།
2024.01.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཚེས་བཅུ་གཉིས་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཀྲུང་གོ་དང་ཨ་མེ་རི་ཁའི་མགོ་གཙོའི་ཅིག་ཅིན་ཧྲན་གྲོས་མོལ་གྱི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱེད་པ་དང་། མཉམ་ལས་བྱས་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་ཆེད། ཀྲུང་གོ་དང་ཨ་མེ་རི་ཁའི་དུས་རབས་ཉེར་གཅིག་པའི་ལོ་རབས་ཉི་ཤུའི་ནམ་ཟླའི་འགུལ་སྐྱོད་ལ་ཤུགས་སྣོན་པའི་བྱ་བའི་ཚན་ཆུང་གི་ལས་མགོ་རྩོམ་པའི་ཚོགས་འདུ་དེ་ཟླ་དང་པོའི་ཚེས་བཅུ་གཉིས་ཉིན་བརྙན་རིས་ཀྱི་རྣམ་པས་བསྡུས།

ཕྱོགས་གཉིས་ཀྱིས་བྱ་བའི་ཚན་ཆུང་གི་བྱ་བ་བདེ་བླག་ངང་མགོ་བརྩམས་པར་གདེང་འཇོག་ཆེན་པོ་བྱས་པར་མ་ཟད། ནུས་ཁུངས་སྤོར་བསྒྱུར་དང་འཁོར་སྐྱོད་དཔལ་འབྱོར། ཐཱན་ཉུང་གི་ཞིང་ཆེན་དང་ཁུལ། གྲོང་ཁྱེར་བཅས་ཀྱི་མཉམ་ལས་ཁྱབ་ཁོངས་གཙོ་བོའི་བྱ་བའི་ཐད་ནས་གཏིང་ཟབ་ཅིང་མཛའ་མཐུན་ལྡན་པའི་བརྗེ་རེས་བྱས། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་ནས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ནམ་ཟླའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཉི་འོད་ཀྱི་ཕ་ས་སྐོར་གྱི་གསལ་སྒྲོག་གི་ཐུན་མོང་ལྟ་ཚུལ་གཞིར་བཟུང་སྟེ། བྱ་བའི་ཚན་ཆུང་གི་རྐྱེན་སྲོལ་འོག་ཏུ་མུ་མཐུད་དུ་འབྲེལ་འདྲིས་ཟབ་མོ་སྲུང་འཛིན་དང་བརྗེ་རེས་དཔེར་ལེན་བྱས་ནས། དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཐག་བཅད།


བསོད་ནམས་ཚེ་རིང་གིས་བསྒྱུར།