དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་བཀག་འཇུག་བྱས་ཡོད་པའི་མི་སྣར་སྨན་རྫས་སྐྱེལ་འདྲེན་བྱེད་རྒྱུ་རེད།
2024.01.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

དབྱི་སི་རལ་གཞུང་སྒྲུབ་ཁང་གིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། དབྱི་སི་རལ་ཕྱོགས་དང་ཁཱ་ཐར་གྱིས་གྲོས་མཐུན་བཀོད་དེ། ཅཱ་ཧྲ་ས་ཁུལ་དུ་བཀག་འཇུག་བྱས་ཡོད་པའི་དབྱི་སི་རལ་གྱི་མི་སྣར་སྨན་རྫས་སྐྱེལ་འདྲེན་བྱེད་རྒྱུ་ཡིན་ཟེར།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཉིན་དེའི་དགོང་མོར་སྤེལ་བའི་གསལ་སྒྲོག་ལྟར་ན། གསང་འཕྲིན་དང་མཁོ་སྒྲུབ་ཅུའུ་ཡི་ཅུའུ་ཀྲང་པཱ་ཨར་ནེ་ཡཱ་དང་ཁཱ་ཐར་ཕྱོགས་ཀྱིས་གྲོས་མོལ་བྱས་ནས་གྲོས་མཐུན་ཅིག་བཀོད་ཡོད་ལ། དབྱི་སི་རལ་ཕྱོགས་ཀྱིས་མ་འོངས་པའི་ཉིན་འགའི་ནང་། ཅཱ་ཧྲ་ས་ཁུལ་དུ་བཀག་འཇུག་བྱས་པའི་དབྱི་སི་རལ་གྱི་མི་སྣར་སྨན་རྫས་སྐྱེལ་འདྲེན་བྱེད་རྒྱུ་རེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དེ་ནི་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ལ་རོགས་སྐྱོར་བྱེད་པའི་ཁག་ཅིག་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།