ཐན་ཙན་ནི་ཡཱའི་ས་གནས་དཔོན་རིགས་ཀྱིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་ཞེ་མུས་ཡུག་ས་ཁུལ་གྱི་གསེར་གཏེར་ཞིག་ལ་ཉིན་དེར་དྲག་ཆར་བབས་རྗེས་རྡིབས་སྐྱོན་བྱུང་སྟེ། ཉུང་མཐར་ཡང་གཏེར་འདོན་བཟོ་བ་ཉེར་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོ་གར་སོང་རྙེད་མེད་ཟེར།
ཞེ་མུས་ཡུག་ས་ཁུལ་གྱི་ཆེད་དོན་པ་ནཱ་ཝན་མེད་ཀྱིས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། གསེར་གཏེར་དེར་ཉིན་དེའི་དུས་ཚོད་ལྔ་ཡས་མས་སུ་རྡིབས་སྐྱོན་བྱུང་བ་དང་། འདས་པོ་མང་ཆེ་བ་ལོ་ཉེར་ལྔ་ནས་སོ་ལྔའི་བར་གྱི་ན་གཞོན་རེད། ཆར་བ་དྲག་པོ་བསྟུད་མར་བབས་པའི་དབང་གིས་རྒུད་སྐྱོབ་བྱ་བར་བར་ཆད་ཐེབས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།