ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གསར་འགྱུར་ཅུའུ་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཐུར་ཁེའི་དམག་དཔུང་གིས་དབྱི་རག་བྱང་ཕྱོགས་དང་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་འགུལ་སྐྱོད་སྤེལ་སྐབས་བསྡོམས་པས་འཇིགས་སྐུལ་ཉེས་ཅན་ཞེ་ལྔ་བསད་ཡོད་ཟེར།
ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གསར་འགྱུར་ཅུའུ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཐུར་ཁེའི་དམག་མིར་མིག་སྔར་འཇབ་རྒོལ་ཐེབས་རྗེས། ཐུར་ཁེའི་དམག་དཔུང་གིས་འགུལ་སྐྱོད་ཐེངས་མང་སྤེལ་ནས། དབྱི་རག་གི་བྱང་ཕྱོགས་ས་ཁུལ་ནས་འཇིགས་སྐུལ་ཉེས་ཅན་སོ་དྲུག་བསད་པ་དང་། སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་འཇིགས་སྐུལ་ཉེས་ཅན་དགུ་བསད་ཟེར།
ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཁུའུ་ཨར་ཏི་བཟོ་བའི་ཏང་དང་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་སོགས་ཀྱི་འཇིགས་སྐུལ་ཉེས་ཅན་དང་འབྲེལ་ཡོད་ཀྱི་དམིགས་འབེན་ཚར་གཅོད་བྱེད་ཆེད། ཐུར་ཁེའི་དམག་དཔུང་གིས་ཉིན་དེར་དབྱི་རག་བྱང་ངོས་ཀྱི་མེད་ཏིས་ནཱ་དང་ཅཱ་ལཱ། ཧཱ་ཁུའུ་ཨར་ཁི། ཁན་ཏིས་ལེ་ས་ཁུལ་བཅས་དང་། སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། མཛོད་ཁང་དང་བཙན་རྫོང་། ཕུག་ལམ། རྡོ་སྣུམ་སྒྲིག་ཆས་བཅས་འདུས་པའི་དམིགས་འབེན་ཉེར་དགུར་གཏོར་བཤིག་བཏང་བར་མ་ཟད། འཇིགས་སྐུལ་ཉེས་ཅན་མང་བོ་ཚར་གཅོད་བྱས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།