དབྱི་རག་གི་གྲོས་མིས་གྲོས་གཞི་བཏོན་ནས་ཕྱི་རྒྱལ་གྱི་དམག་དཔུང་བཅའ་སྡོད་བྱེད་མཚམས་འཇོག་དགོས་པའི་རེ་བ་བཏོན།
2024.01.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

དབྱི་རག་གི་གྲོས་མི་གྱ་བརྒྱད་ཀྱིས་ཚེས་བཅུ་གསུམ་ཉིན་གྲོས་ཁང་ལ་ཕྱི་རྒྱལ་གྱི་དམག་དཔུང་བཅའ་སྡོད་བྱེད་མཚམས་འཇོག་པའི་གྲོས་གཞི་ཞིག་སྤྲད།

དབྱི་རག་གི་གྲོས་མི་ཁཱ་ཀྲ་ལེ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། གྲོས་གཞི་དེ་གྲོས་ཁང་གི་ཆེས་ཆེ་བའི་ཏང་ཁག་མཐུན་སྦྱོར་སྒྲོམ་གཞིའི་མནའ་འབྲེལ་གྱི་གྲོས་མི་གྱ་བརྒྱད་ཀྱིས་མིང་བཀོད་ནས་སྤྲད་པ་རེད། བྱ་སྤྱོད་དེ་ནི་ཨ་མེ་རི་ཁས་བསྟུད་མར་དབྱི་རག་གི་དྲག་ཆས་དམག་དཔུང་གི་ཁོངས་སུ་གཏོགས་པའི་དམངས་དམག་དྲག་ཆས་པ་མི་དམངས་སྐུལ་སློང་རྩ་འཛུགས་ཀྱི་མི་སྣ་དང་སྒྲིག་ཆས་ལ་འཇབ་རྒོལ་བྱས་ནས། དབྱི་རག་གི་བདག་དབང་ལ་གནོད་ཆེན་པོ་བསྐྱལ་ཡོད་པས་ཡིན། དབྱི་རག་ལ་དྲག་ཆས་སྟོབས་ཤུགས་དང་བདེ་འཇགས་དམག་དཔུང་འདང་ངེས་ཤིག་ཡོད་ལ། རྒྱལ་ཁབ་དང་མི་དམངས་ལ་སྲུང་སྐྱོབ་བྱེད་ཐུབ་པས། ཕྱི་རྒྱལ་གྱི་དམག་དཔུང་དབྱི་རག་ཏུ་བཅའ་སྡོད་བྱེད་པའི་དགོས་པ་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།