ཏེན་མག་གི་དབུ་བཞུགས་བློན་ཆེན་ཧྥོ་ལོས་ཙེ་ལི་ཁི་སུན་གྱིས་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར་ཏེན་མག་གི་དབུ་བཞུགས་བློན་ཆེན་བཞུགས་ཤག་དང་གྲོས་ཁང་ཡོད་སའི་ཁི་ལི་སི་ཏིས་ཨན་པའོ་ཕོ་བྲང་གི་ཉིན་སྟེགས་ནས་མང་ཚོགས་ལ་ཁྱབ་བསྒྲགས་བྱས་དོན། ཏེན་མག་གི་རྒྱལ་རྒྱུད་ཧྥེ་ཐི་ལེ་ཡིས་དངོས་སུ་རྒྱལ་རྒྱུད་བཟུང་ནས། རྒྱལ་བོ་ཕའེ་ཐི་ལེ་སྐུ་ཕྲེང་བཅུ་བར་གྱུར་ཡོད་ཟེར།
ཧྥེ་ཐི་ལེ་སྐུ་ཕྲེང་བཅུ་བས་དེའི་རྗེས་སུ་ཉིན་སྟེགས་ནས་ཞུ་ཚིག་ཕུལ་ཏེ། རྒྱལ་རྒྱུད་འཛིན་པའི་དམ་ཚིག་ནི་ཏེན་མག་རྒྱལ་བོའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་དམ་བཅའ་ཡིན་པ་དང་། འདྲིལ་ཤུགས་ཆེ་བའི་མ་འོངས་པའི་རྒྱལ་བོར་འགྱུར་འདོད་ཡོད་ཟེར།
ཉིན་དེའི་ཞོགས་པར། ལས་གནས་ལས་བུད་པའི་ཏེན་མག་གི་རྒྱལ་མོ་མཱ་ཀི་ལོས་ཐི་སྐུ་ཕྲེང་གཉིས་པས་ཁི་ལི་སི་ཏིས་ཨན་པའོ་ཕོ་བྲང་ནས་ལས་གནས་ལས་འབུད་པ་དང་རྒྱལ་རྒྱུད་སྤྲོད་པའི་ཡིག་ཆ་བཀོད། མཱ་ཀི་ལོས་ཐི་སྐུ་ཕྲེང་གཉིས་པས་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་དགོང་མོར་རྒྱལ་ས་ཀི་པིན་ཧཱ་ཀིན་གྱི་ཨ་མཱ་ལིན་པའོ་ཕོ་བྲང་དུ་ལོ་གསར་བའི་ཞུ་ཚིག་ཕུལ་སྐབས་ཉིས་སྟོང་ཉེར་བཞི་ལོའི་ཟླ་དང་པོའི་ཚེས་བཅུ་བཞི་ཉིན་གོ་གནས་གཞན་ལ་སྤྲོད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། ཁོ་མོས་གཅིག་སྟོང་དགུ་བརྒྱ་དོན་གཉིས་ལོའི་ཟླ་དང་པོའི་ཚེས་བཅུ་བཞི་ཉིན་རྒྱལ་རྒྱུད་བཟུང་ནས་ཏེན་མག་གི་རྒྱལ་མོར་གྱུར་བ་རེད།
ཧྥེ་ཐི་ལེ་སྐུ་ཕྲེང་བཅུ་བ་ད་ལོར་ལོ་ང་ལྔ་ཡིན་པ་དང་། ཁོས་རྒྱལ་རྒྱུད་བཟུང་རྗེས་ཁོང་གི་ལོ་བཅོ་བརྒྱད་ཅན་གྱི་བུ་ཆེ་བ་ཁི་ལི་སི་ཏིས་ཨན་ཏེན་མག་གི་རྒྱལ་རྒྱུད་དུ་འགྱུར་སྲིད།
བསོད་ནམས་ཚེ་རིང་གིས་བསྒྱུར།