དབྱི་རག་དམག་དཔུང་ལ་ནུབ་ཕྱོགས་ས་ཁུལ་ནས་འཇབ་རྒོལ་ཐེབས་ཏེ་དམག་མི་གསུམ་རྐྱེན་ལམ་དུ་ཤོར།
2024.01.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་ཚེས་བཅུ་བཞི་ཉིན་དབྱི་རག་ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་ནས་འཇབ་རྒོལ་དོན་རྐྱེན་བཟོས་ཏེ། དབྱི་རག་གི་དམག་མི་གསུམ་རྐྱེན་ལམ་དུ་ཤོར།

དབྱི་རག་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣ་ཞིག་་གིས་ཚེས་བཅུ་བཞི་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱི་ཉིན་དེར་ཨན་པཱ་ཨར་ཞིང་ཆེན་ནས་དབྱི་རག་དམག་ཕྱོགས་ཀྱི་དངོས་རྫས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་རུ་ཁག་ལ་འཇབ་རྒོལ་བྱས་ཏེ། དབྱི་རག་གི་དམག་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གཅིག་ལ་རྨས་ཕོག་ཡོད། དབྱི་རག་གིས་ཁ་སྣོན་བྱས་པའི་རོགས་སྐྱོར་དམག་དཔུང་དེའི་རྗེས་སུ་ས་ཁུལ་དེར་འབྱོར་ནས་སྔོག་བཤེར་འགུལ་སྐྱོད་སྤེལ་བ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།