ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཀྲ་ལུའུ་རི་ནེ་ཡིས་ཚེས་བཅོ་ལྔ་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཡཱ་སུའུ་མཚོ་མོའི་མཁའ་ཁོངས་ནས་ཨུ་རུ་སིའི་ཉེན་བརྡ་གཏོང་བའི་གནམ་གྲུ་ཞིག་དང་བར་སྣང་གི་བཀོད་འདོམ་གནམ་གྲུ་ཞིག་འགས་གཏོར་བཏང་ཡོད་ཟེར།
ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སིའི་དམག་དོན་གནམ་གྲུ་སར་འཕངས་པའི་དོན་དེའི་ཐད་ནས། ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཚེས་བཅོ་ལྔ་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཡཱ་སུའུ་མཚོ་ཁོངས་ཀྱི་དམིགས་བསལ་འཐབ་འཁྲུག་འགུལ་སྐྱོད་ལ་ལེགས་འགྲུབ་བྱུང་བར་མ་ཟད། མུ་མཐུད་དུ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།