ཨེ་ཀྭ་ཏོར་གྱི་བཙོན་ཁང་ཞིག་ནས་ཉུང་མཐར་ཡང་བཙོན་མ་ཞེ་བརྒྱད་བྲོས་བྱོལ་བྱས།
2024.01.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཨེ་ཀྭ་ཏོར་གྱི་བཙོན་ཁང་དོ་དམ་ལས་ཁུངས་ཀྱིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཨེ་ཀྭ་ཏོར་བྱང་ཕྱོགས་ཀྱི་ཨེ་སི་མཱེ་ལཱ་ཏཱ་སི་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ནས་ཉུང་མཐར་ཡང་བཙོན་མ་ཞེ་བརྒྱད་བྲོས་བྱོལ་བྱས་ཟེར།

ལས་ཁུངས་དེས་ཉིན་དེར་སྤྱི་སྒྲོག་ཅིག་ལས་བཤད་རྒྱུར། ཨེ་ཀྭ་ཏོར་གྱི་བདེ་འཇགས་དམག་དཔུང་གིས་ཚེས་བཅུ་བཞི་ཉིན་བཙོན་ཁང་དེར་སྔོག་བཤེར་འགུལ་སྐྱོད་སྤེལ་སྐབས་བཙོན་མ་བྲོས་བྱོལ་བྱས་པའི་གནས་ཚུལ་ཤེས་པ་དང་། དེའི་རྗེས་སུ་བདེ་འཇགས་བྱེད་ཐབས་སྤྱད་དེ་བྲོས་བྱོལ་བྱས་པའི་བཙོན་མ་ལྔ་ཕྱིར་འཛིན་བཟུང་བྱས། དེ་ལས་གཞན་ཨེ་ཀྭ་ཏོར་བདེ་འཇགས་དམག་དཔུང་གིས་སྔོག་བཤེར་འགུལ་སྐྱོད་སྤེལ་སྐབས་ད་རུང་བཙོན་ཁང་དེའི་བཙོན་མ་ཞིག་རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་ཤེས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།