ཐུར་ཁེའི་སྨྱན་བྱད་ཀྱིས་ཚེས་བཅོ་ལྔ་ཉིན་བསྒྲགས་པ་ལྟར་ན། ཐུར་ཁེ་ཡིས་དབྱི་རག་བྱང་ཕྱོགས་ས་ཁུལ་དུ་སྤེལ་བའི་རྒྱལ་ཡོངས་བརྒལ་བའི་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་ཁྲོད་དུ་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པའི་མགོ་བ་ཞིག་བསད་ཟེར།
ཐུར་ཁེའི་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་བཤད་རྒྱུར། ཐུར་ཁེའི་རྒྱལ་ཁབ་གསང་འཕྲིན་ལས་ཁུངས་ཀྱིས་དབྱི་རག་བྱང་ཕྱོགས་དང་ཐུར་ཁེ་དང་དབྱི་རག་གི་མཐའ་མཚམས་ས་ཁུལ་དུ་འཇིགས་སྐུལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་བ་དང་། འགུལ་སྐྱོད་དེ་གཙོ་བོ་ཉེ་སྔོན་ཐུར་ཁེའི་བདེ་འཇགས་དམག་དཔུང་ལ་འཇབ་རྒོལ་བྱས་པའི་འཇིགས་སྐུལ་ཉེས་ཅན་ལ་དམིགས་པ་ཡིན། དབྱི་རག་བྱང་ཕྱོགས་ཀྱི་འགུལ་སྐྱོད་ཁྲོད། ཐུར་ཁེའི་བདེ་འཇགས་དམག་དཔུང་གིས་མེད་ཐིས་ནཱ་ས་ཁུལ་དུ་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པའི་མགོ་བ་མའོ་སིན་བསད་ཟེར། མི་དེས་འདས་པའི་ལོ་ངོ་སོ་གཉིས་རིང་དུས་རྒྱུན་དུ་བུད་མེད་ཀྱི་འཇིགས་སྐུལ་ཉེས་ཅན་སྦྱོང་བརྡར་བྱེད་བཞིན་ཡོད་པར་འདོད།
བསོད་ནམས་ཚེ་རིང་གིས་བསྒྱུར།