ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས་བཅོ་ལྔ་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཉིན་དེའི་ཞོགས་པར་ཅཱ་ཧྲ་ས་ཁུལ་གྱི་ས་ཁོངས་མང་བོར་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་སོ་གསུམ་རྐྱེན་ལམ་དུ་ཤོར།
བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་མཁར་གྱི་སྡོད་གནས་བཅུ་ཕྲག་འགར་འགས་གཏོར་བཏང་བ་དང་། འདས་པོའི་གྲས་སུ་བུད་མེད་དང་བྱིས་པ་འདུས་ཡོད་ལ། གཞན་ཡང་མི་བཅུ་ཕྲག་འགར་རྨས་ཕོག་ཡོད་ཟེར།
ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་དམངས་སྲུང་སྡེ་ཁག་གིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གི་འགས་གཏོར་ཐེབས་པའི་དབང་གིས་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ་ཉུང་མཐར་ཡང་བརྒྱ་ཆའི་བདུན་ཅུའི་ས་ཁུལ་མི་འཚོ་སྡོད་བྱེད་པར་མི་འཚམ་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།