ཀུའུ་ཐི་ལོས་སི་ཡིས་ཡང་བསྐྱར་ཅཱ་ཧྲ་ས་ཁུལ་ནས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
2024.01.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

ཟླ་དང་པོའི་ཚེས་བཅོ་ལྔ་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་སྨྱན་བྱད་ལ་གསལ་སྒྲོག་སྒྲོག་འདོན་བྱས།

ཟླ་དང་པོའི་ཚེས་བཅོ་ལྔ་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་སྨྱན་བྱད་ལ་གསལ་སྒྲོག་སྒྲོག་འདོན་བྱས།

སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་ནས་ཉིན་བརྒྱ་འགོར་བའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་ལྔ་ཉིན་ཡང་བསྐྱར་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་བྱ་བ་མྱུར་དུ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་སྨྱན་བྱད་ལ་གསལ་སྒྲོག་ཅིག་སྒྲོག་འདོན་བྱས་ཏེ། ང་ཚོས་མྱུར་མོར་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱས་ནས། ཅཱ་ཧྲའི་སྔར་མེད་ཀྱི་མི་སེར་དཀྱུས་མའི་ཤི་རྨས་དང་། མི་ཆོས་ཉམས་ཉེན། བཀག་འཇུག་མི་སྣ། ཛ་དྲག་གི་གནས་བབ་བཅས་ས་ཁུལ་ཡོངས་ནས་རྒྱ་ཡན་དུ་འགྲོ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་དེ་སྨྲ་བརྗོད་ལས་འདས་པ་ཞིག་ཡིན་ཞིང་། མི་ཆོས་རྒུད་སྐྱོབ་བྱ་བར་བཀག་རྒྱ་མང་བོ་ཡོད་ཟེར། ཁོས་ཕྱོགས་སོ་སོས་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལ་བརྩི་འཇོག་བྱས་ནས། མི་སེར་དཀྱུས་མར་སྲུང་སྐྱོབ་དང་མི་སེར་དཀྱུས་མའི་གཞི་རྩའི་དགོས་མཁོར་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།