ཐུ་ནི་ཞི་ཡཱའི་ལྐོག་འགྲོའི་མཁན་བཞི་བཅུ་ཤར་ལྷོའི་ཕྱོགས་ཀྱི་མཚོ་ཁོངས་ནས་གར་སོང་མ་རྙེད།
2024.01.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཐུ་ནི་ཞི་ཡཱའི་རྒྱལ་དམངས་ཉེན་སྲུང་རུ་ཁག་གིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཐུ་ནི་ཞི་ཡཱའི་ལྐོག་འགྲོའི་མཁན་བཞི་བཅུ་ཤར་ལྷོའི་ཕྱོགས་ཀྱི་མཚོ་ཁོངས་ནས་གར་སོང་མ་རྙེད་ཟེར།

ཐུ་ནི་ཞི་ཡཱའི་རྒྱལ་དམངས་ཉེན་སྲུང་རུ་ཁག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ལྐོག་འགྲོས་མཁན་དེ་དག་ཚེས་བཅུ་ཉིན་གྱི་དགོང་མོར་ཐུ་ནི་ཞི་ཡཱའི་ཤར་ཕྱོགས་ཀྱི་སི་ཧྥ་ཁི་སི་ཞིང་ཆེན་ནས་གྲུ་གཟིངས་ལ་བསྡད་དེ་ལམ་དུ་ཆས་པ་ཡིན་ལ། ཁོ་ཚོ་དབྱི་ཐཱ་ལེ་རུ་འགྲོ་རྩིས་ཡོད། མིག་སྔར་གར་སོང་མི་ཤེས་པར་གྱུར་ཡོད་ཟེར།

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ལྐོག་འགྲོས་མཁན་དེ་དག་གི་ཁྱིམ་མི་དག་གིས་འབྲེལ་ཐག་ཆད་རྗེས་ས་དེའི་སྲིད་གཞུང་ལ་ཉེན་བརྡ་བཏང་བ་རེད། མིག་སྔར་ཐུ་ནི་ཞི་ཡཱའི་མཚོ་དོན་སྡེ་ཁག་གིས་འབྲེལ་ཡོད་མཚོ་ཁོངས་སུ་སྔོག་བཤེར་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།