ཨར་ཅི་རི་ཡཱའི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས།
2024.01.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་དང་པོའི་ཚེས་བཅུ་དྲུག་ཉིན། ཨར་ཅི་རི་ཡཱ་རུ་འཚམས་འདྲི་བྱེད་བཞིན་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་གིས་སོ་སོར་ཨར་ཅི་རི་ཡཱའི་ཙུང་ཐུང་ཐི་པིན་དང་ཙུང་ལི་ཨ་ཨར་པཱ་ཝེ་གཉིས་དང་གྲོས་མོལ་བྱས། གྲོས་མོལ་བྱེད་སྐབས་ཐེ་ཝན་གནད་དོན་ཐད་ཀྱི་རྩ་དོན་ལངས་ཕྱོགས་གཏིང་ཟབ་ཏུ་རྒྱས་བཤད་བྱས། ཙུང་ཐུང་ཐི་པིན་དང་ཙུང་ལི་ཨ་ཨར་པཱ་ཝེ་གཉིས་ཀྱིས་གཅིག་གྱུར་སྒོས་བསྟན་དོན། ཐེ་ཝན་གནད་དོན་དེ་ཀྲུང་གོའི་ནང་སྲིད་རྐྱང་རྐྱང་ཡིན་ཞིང་། ཨར་ཅི་རི་ཡཱ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱེད་བཞིན་ཡོད་ལ། ཐེ་ཝན་ནི་ཀྲུང་གོའི་འབྲལ་ཐབས་མེད་པའི་ཁག་ཅིག་ཡིན་པ་བསྐྱར་སྒྲོག་བྱེད་པ་དང་། རྣམ་པ་གང་རུང་གི་ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་པར་མ་ཟད། ཀྲུང་གོའི་རྒྱལ་ཁབ་གཅིག་གྱུར་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།