མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྦྲགས་སྲིད་དོ་དམ་ཅུའུ་ཡིས་ཚེས་བཅུ་དགུ་ཉིན་ཉིག་ཡོ་ནས་ཀྲུང་གོའི་ལུགས་རྙིང་ཤིང་འབྲུག་ལོའི་དམིགས་བསལ་སྦྲགས་བྱང་པར་འགྲེམས་བྱས་ནས། ཀྲུང་གོའི་ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུ་རྒྱུ་རེད།
འབྲུག་ལོའི་སྦྲགས་བྱང་རེའི་རིན་ཐང་མེ་སྒོར་གཅིག་དང་ཟུར་ལྔ་ཡིན་པ་དང་། སྦྲགས་བྱང་བཅུ་ཡིས་གྲུབ་ཡོད། སྦྲགས་བྱང་རེའི་གཡོན་ཕྱོགས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་རྟགས་རི་མོ་ཡོད་པ་དང་། གཡས་ཕྱོགས་སུ་ཀྲུང་གོའི་ཇུས་འགོད་པ་ཕན་ཧུའུ་ཡིས་བྲིས་པའི་སྤྲིན་པའི་བང་རིམ་གྱི་འབྲུག་གི་རི་མོ་བཀོད་ཡོད། སྤྲིན་པའི་དཀྱིལ་དབུས་སུ་མེ་ཏོག་པད་མ་བྲིས་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྦྲགས་སྲིད་དོ་དམ་ཅུའུ་ཡིས་ཉིས་སྟོང་བཅུ་ལོའི་ཟླ་ལྔ་བར་ཐོག་མར་ཀྲུང་གོའི་ལོ་རྟགས་ནང་དོན་དུ་བྱས་པའི་སྦྲགས་བྱང་པར་འགྲེམ་བྱས་པ་དང་། ཉིས་སྟོང་ཉེར་གཅིག་ལོར་ལོ་རྟགས་བཅུ་གཉིས་ཀྱི་སྦྲགས་བྱང་འགྲེམ་སྤེལ་བྱས་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྦྲགས་སྲིད་དོ་དམ་ཅུའུ་ཡིས་ཨ་མེ་རི་ཁའི་ཉིག་ཡོ་དང་སུའེ་ཙེར་གྱི་རི་ནེ་ཝ། ཨོ་སི་ཁྲུ་རི་ཡཱའི་ཝེ་ཡེ་ནཱ་བཅས་སུ་སོ་སོར་མེ་སྒོར་དང་སེའུ་ཙེར་གྱི་ཧྥ་ལིང་། ཡོ་སྒོར་བཅས་ཀྱི་རིན་ཐང་ཅན་གྱི་སྦྲགས་བྱང་པར་འགྲེམ་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།