ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་འགྱེད་འཕྲོ་དང་རྫས་འགྱུར། སྐྱེ་དངོས་འགོག་སྲུང་རུ་ཁག་གི་དམག་སྤྱི་ཅི་ལིས་ལའོ་ཧྥུའུ་ཡིས་ཉེ་སྔོན་བཤད་རྒྱུར། ཨ་མེ་རི་ཁས་འགོས་ནད་ལ་ལྟ་ཞིབ་ཚད་ལེན་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་སྐྱོར་བྱ་རྒྱུར་ཁ་གཡར་ནས་འཛམ་གླིང་ཧྲིལ་བོའི་དམག་དོན་སྐྱེ་དངོས་ཀྱི་སྦས་ཤུགས་ཇེ་དྲག་ཏུ་གཏོང་བཞིན་ཡོད་ཟེར།
ཅི་ལིས་ལའོ་ཧྥུའུ་ཡིས་ཨ་མེ་རི་ཁའི་སྐྱེ་དངོས་བྱ་འགུལ་ཡིག་ཆར་དབྱེ་ཞིབ་བྱེད་པའི་གནས་ཚུལ་གནད་ཞུའི་ཚོགས་འདུའི་སྟེང་བཤད་རྒྱུར། 2023ལོར་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་དམིགས་བསལ་དམག་དོན་འགུལ་སྐྱོད་ཁྲོད་རྙེད་པའི་ཡིག་ཆར་དབྱེ་ཞིབ་བྱས་པ་དང་། ཨ་མེ་རི་ཁའི་ཝུའུ་ཁི་ལན་དང་འཛམ་གླིང་ས་ཁུལ་གཞན་པའི་དམག་དོན་སྐྱེ་དངོས་བྱ་འགུལ་ལ་ཞིབ་འཇུག་བྱས་པས། ཨ་མེ་རི་ཁའི་སྲིད་གཞུང་གིས་སྲིད་གཞུང་ལས་ཁུངས་དང་སྨན་བཟོ་ཁེ་ལས་ཆེ་གྲས་དང་བཅས་པའི་སྒེར་གྱི་ཀུང་ཟིས་གྲུབ་པའི་འཛམ་གླིང་སྐྱེ་དངོས་ཉེན་ཁ་འགོག་སྡོམ་མ་ལག་གི་འཁོར་སྐྱོད་བྱེད་ཐབས་ཀྱིས་སྲིད་འཛིན་བྱེད་ཐབས་བརྒྱུད་དེ་ཁྲིམས་འཛུགས་སྒྲོམ་གཞི་གཏན་འཁེལ་བྱེད་བཞིན་ཡོད་པར་མ་ཟད། རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་ནང་དམག་དོན་སྐྱེ་དངོས་ཞིབ་འཇུག་ཐད་ཐད་ཀར་མ་དངུལ་གཏོང་བཞིན་པ་རྒྱུས་ལོན་བྱུང་ཟེར།
ཅི་ལིས་ལའོ་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ད་རུང་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་བརྒྱུད་དེ་འབྲེལ་ཡོད་བྱ་འགུལ་ལ་མ་དངུལ་གཏོང་བཞིན་ཡོད། དེ་མིན། ཨ་མེ་རི་ཁའི་དམག་ཕྱོགས་ཀྱི་འགན་གཙང་ལེན་བྱེད་མཁན་གཙོ་བོ་མེ་ཐཱ་པེས་ཨོ་ཐཱ་ཀུང་ཟི་དང་པའོ་ལེ་ཁུ་ཝེ་ཆི་སོགས་ཀུང་ཟིས་ཨ་མེ་ཁ་རི་ཁའི་རྒྱལ་སྲུང་པུའུ་འཇིགས་སྐུལ་ཇེ་ཉུང་དུ་གཏོང་བའི་ཅུའུ་ཡི་མཐུན་སྦྱོར་འོག་ཏུ། སྐྱེ་དངོས་ཞིབ་འཇུག་སྒྲིག་ཆས་འཛུགས་སྐྲུན་གྱི་འགན་ཁུར་ཡོད་པར་མ་ཟད། ཟུར་ལྔའི་ཐོག་ཁང་གི་འཛམ་གླིང་ཡོངས་ལ་ཁྱབ་པའི་སྐྱེ་དངོས་ཚོད་ལྟ་ཁང་ལ་སྒྲིག་ཆས་འདོན་སྤྲོད་བྱེད་བཞིན་ཡོད་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།