ཕཱ་ཁི་སི་ཐན་གྱིས་དབྱི་ལིང་མངའ་ཁོངས་སུ་གནས་པའི་འཇིགས་སྐུལ་པར་རྡུང་རྡེག་བཏང་བར་བཤད།
2024.01.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཕཱ་ཁི་སི་ཐན་གྱི་དམག་ཕྱོགས་མི་སྣས་ཚེས་བཅོ་བརྒྱད་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བདེན་དཔང་བྱས་དོན།  ཕཱ་ཁི་སི་ཐན་གྱི་དམག་གིས་དབྱི་ལང་མངའ་ཁོངས་སུ་གནས་པའི་འཇིགས་སྐུལ་པར་རྡུང་རྡེག་བཏང་ཟེར།   གཞན་ཡང་དབྱི་ལིང་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན།  ཉུང་མཐར་ཡང་མི་བདུན་ལ་དབྱི་ལིང་མངའ་ཁོངས་ནས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་ཟེར།

ཕཱ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་ཐེངས་འདིའི་མངའ་ཁོངས་བརྒལ་བའི་རྡུང་དེག་ལ་བདེན་དཔང་བྱས་པར་མ་ཟད།   ཐེངས་འདིའི་འགུལ་སྐྱོད་ཀྱི་དམིགས་ཡུལ་ནི་ཕཱ་ཁི་སི་ཐན་རང་སྟེང་གི་བདེ་འཇགས་དང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་འགན་སྲུང་བྱེད་ཆེད་ཡིན་པ་དང་། འཇིགས་སྐུལ་པ་མང་པོ་བསད་ཟེར།

དབྱི་ལིང་སྨྱན་བྱད་ཀྱིས་ཉིན་དེར་བསྒྲགས་པ་ལྟར་ན། འཕུར་མདེལ་ཞིག་གིས་དབྱི་ལིང་མངའ་ཁོངས་ཀྱི་གྲོང་རྡལ་ཞིག་ལ་འཇབ་རྒོལ་བྱས་ནས། བུད་མེད་གསུམ་དང་བྱིས་པ་བཞི་རྐྱེན་ལམ་དུ་བཏང་ཟེར།

                                                                                                                          ལྷ་མོ་འཚོས་བསྒྱུར།