ཨུ་རུ་སིའི་དམག་དཔུང་གིས་མའོ་སི་ཁུ་མངའ་སྡེ་དང་ལའེ་ཉིན་ཀི་ལེ་མངའ་སྡེ་རུ་མི་མེད་གནམ་གྲུ་ཞིག་བཀག
2024.01.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར།   ཨུ་རུ་སིའི་མཁའ་སྲུང་པུའུ་ཡིས་ཉིན་དེར་མའོ་སི་ཁུ་མངའ་སྡེ་དང་ལའེ་ཉིན་ཀི་ལེ་མངའ་སྡེ་རུ་མེ་མེད་གནམ་གྲུ་ཞིག་བཀག་པ་དང་།  དེ་ནི་ཨུ་རུ་སིའི་དམག་དཔུང་གིས་ལའེ་ཉིན་ཀི་ལེ་མངའ་སྡེ་རུ་བཀག་པའི་ཝུའུ་ཁུ་ལན་གྱི་མི་མེད་གནམ་གྲུ་ཐོག་མ་ཡིན་ཟེར།

གནས་ཚུལ་ཁྲོད་བཤད་རྒྱུར།  ས་དེའི་དུས་ཚོད་ཚེས་བཅོ་བརྒྱད་ཉིན་གྱི་དུས་ཚོད་གཅིག་དང་སྐར་མ་སུམ་ཅུ་ཡས་མས་སུ།   ཝུའུ་ཁུ་ལན་གྱིས་མི་མེད་གནམ་གྲུ་བཀོལ་ནས་ཨུ་རུ་སིའི་མངའ་ཁོངས་ཀྱི་སྒྲིག་ཆས་ལ་འཇབ་རྒོལ་བྱས་པའི་བྱ་སྤྱོད་དེ་ཕམ་ཉེས་སུ་བཏང་ཟེར།

མའོ་སི་ཁུ་གྲོང་ཁྱེར་གྱི་འགོ་གཙོ་སའོ་པེས་ཡ་ཉེང་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་གནས་ཚུལ་དེ་བདེན་དཔང་བྱས་པར་མ་ཟད།   མི་མེད་གནམ་གྲུ་སར་ལྷུང་བའི་ཆག་རོས་གནོད་སྐྱོན་ཅི་ཡང་བཟོས་མེད་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།