ཁོང་གོ་པུའུ་རུ་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར།
2024.01.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཁོང་གོ་པུའུ་སྲིད་གཞུང་གི་མགྲིན་ཚབ་པ་ཏེ་ཨེ་ལིས་མིན་ཅཱ་ལ་ཡིས་ཚེས་བཅུ་དགུ་ཉིན་བཤད་རྒྱུར།   འདས་པའི་གཟའ་འཁོར་འགའི་རིང་བསྟུད་མར་དྲག་ཆར་བབས་ནས་ཆུ་ལོག་རྒྱུག་པ་ལས་རྒྱལ་ཁབ་དེའི་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་འབུམ་གསུམ་དང་ཁྲི་གསུམ་དྲུག་སྟོང་དྲུག་ལ་གནོད་པ་ཐེབས་ཟེར།

མིན་ཅཱ་ལ་ཡིས་བཤད་རྒྱུར།  རྒྱལ་ཁབ་དེའི་ཞིང་ཆེན་བཅུ་གཉིས་ཁྲོད་ཀྱི་ཞིང་ཆེན་དགུ་ལ་གནོད་འཚེ་ཐེབས་པ་དང་།    དྲག་ཆར་བབས་ནས་ཆུ་ལོག་རྒྱུག་པ་ལས་ལིས་ཁཱ་ལ་ཞིང་ཆེན་དང་ཕིན་ཏེས་ཞིང་ཆེན།   ཉི་ཨ་ལིས་ཞིང་ཆེན་སོགས་སུ་ཉུང་མཐར་ཡང་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར།  བཟོ་སྐྲུན་མང་པོར་གཏོར་བརླག་ཐེབས་པ་དང་།  ཞིང་ས་མང་པོ་ཆུས་བསྣུབས་ཡོད།   སྲིད་གཞུང་གིས་བྲེལ་མྱུར་གནོད་སྐྱོབ་ཐེབས་རྩ་བཙུགས་ཡོད་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།