ཧྥི་ལི་ཕིན་ལྷོ་ཕྱོགས་ཀྱི་ཅིན་ཏཱ་ཝོ་ཞིང་ཆེན་གྱི་ས་གནས་དཔོན་རིགས་ཤིག་གིས་ཚེས་བཅུ་དགུ་ཉིན་ངོས་འཛིན་བྱས་པ་ལྟར་ན། ཚེས་བཅོ་བརྒྱད་ཉིན་བྱུང་བའི་གཏེར་ཁུལ་གྱི་རི་ཉིལ་བ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་བཅུ་ལ་འཕར་ཡོད།
ས་གནས་དཔོན་དམག་གིས་བསྟན་དོན། ཅིན་ཏཱ་ཝོ་ཞིང་ཆེན་གྱི་གཏེར་ཁུལ་ཞིག་ཏུ་ཚེས་བཅོ་བརྒྱད་ཉིན་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་བྱིས་པ་ལྔ་འདུས་པའི་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་གར་སོང་རྙེད་མེད་ཟེར།
ཉེ་ལམ་ཆར་བ་དྲག་པོའི་ཤུགས་རྐྱེན་ཐེབས་ཏེ། ཧླི་ལི་ཕིན་ལྷོ་ཕྱོགས་ཀྱི་ཅིན་ཏཱ་ཝོ་ཞིང་ཆེན་གྱི་ས་ཁུལ་མང་པོར་ཆུ་ལོག་གི་གནོད་འཚེ་བྱུང་། ཧྥི་ལི་ཕིན་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་དང་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་དགུ་ཉིན་ཆ་འཕྲིན་སྤེལ་ནས་བཤད་རྒྱུར། ཅིན་ཏཱ་ཝོ་ས་ཁུལ་གྱི་ཞིང་ཆེན་བཞིའི་ཁྱིམ་ཚང་ཁྲི་བདུན་ལྷག་ལ་ཆུ་ལོག་དང་རི་ཉིལ་བའི་ཤུགས་རྐྱེན་ཐེབས་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།