ཕ་ཁི་སི་ཐན་ལྟ་སྲུང་སྲིད་གཞུང་གི་ཙུང་ལི་ཁ་ཁ་ཨར་གྱིས་ཚེས19ཉིན་བཤད་རྒྱུར། བྱེད་ཐབས་སྤྱད་དེ་ཕ་ཁི་སི་ཐན་དང་དབྱི་ལང་གི་འབྲེལ་བ་སླར་གསོ་བྱེད་པ་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་མཐུན་ཟེར།
ཕ་ཁི་སི་ཐན་ཙུང་ལི་གཞུང་སྒྲུབ་ཁང་གིས་ཉིན་དེའི་དགོང་མོར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཁ་ཁ་ཨར་གྱིས་ཉིན་དེར་ནེ་ཀིའི་གྲོས་ཚོགས་ལ་འགོ་འཛིན་བྱེད་ཐབས་གོང་གི་རྣམ་འགྱུར་དེ་བསྟན་པ་རེད་ཟེར། ཁ་ཁ་ཨར་གྱིས་བཤད་རྒྱུར། ཕ་ཁི་སི་ཐན་ནི་ཞི་བདེ་ལ་དགའ་བ་དང་བཅའ་ཁྲིམས་བརྩི་སྲུང་བྱེད་ཡིན་ལ། རྒྱལ་ཁབ་ཡོད་ཚད་དང་ལྷག་པར་དུ་ཁྱིམ་མཚེས་རྒྱལ་ཁབ་བར་མཛའ་མཐུན་གྱི་འབྲེལ་བ་འཛུགས་འདོད་ཡོད། ཕ་ཁི་སི་ཐན་དང་དབྱི་ལང་གི་འབྲེལ་བའི་ལོ་རྒྱུས་རིང་ཞིང་ཕན་ཚུན་བར་བརྩེ་བ་ཡོད་ལ། མཛའ་མཐུན་མཉམ་ལས་འབྲེལ་བ་ཡོད་པའི་སྤུན་ཟླའི་རྒྱལ་ཁབ་ཡིན། བྱེད་ཐབས་སྤྱད་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཟླ1ཚེས16ཉིན་གྱི་སྔོན་གྱི་རྣམ་པར་སླར་གསོ་བྱེད་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་མཐུན་པ་ཡིན། ཕ་ཁི་སི་ཐན་ཕྱོགས་ཀྱིས་དབྱི་ལང་ཕྱོགས་ཀྱིས་ཐེངས་འདིར་སྤྱད་པའི་བྱེད་ཐབས་ཡོད་ཚད་ལ་དགའ་བསུ་དང་ཨ་ལན་སྟེར་ངེས་ཡིན་ཟེར།
ཁ་ཁ་ཨར་གྱིས་ཉིན་དེར་ད་རུང་འགོ་འཛིན་བྱས་ཏེ་ཕ་ཁི་སི་ཐན་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་སྟེང་དུ་གྲོས་མོལ་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱི་ལང་དང་མཉམ་དུ་གནད་དོན་ཆུང་ངུར་ཁ་གཏད་འཇལ་བར་གྲོས་འཆམ་བྱུང་། ཕ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་དཔོན་ཅི་ལཱ་ཉི་ཡིས་ཉིན་དེར་དབྱི་ལང་གི་ཕྱི་འབྲེལ་དཔོན་ཨ་པུའུ་ཏུའུ་ལ་ཞི་དབྱང་ལ་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀ་འགལ་བ་ཞི་འཇགས་སུ་གཏོང་བར་གཅིག་གྱུར་ཡིད་འཐད་བྱུང་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།