པ་ཞིའི་ཙུང་ཐུང་ལུའུ་ལ་ཡིས་ཝང་དབྱི་ལ་མཇལ་འཕྲད་གནང་།
2024.01.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ས་དེའི་དུས་ཚོད་ཟླ1ཚེས19ཉིན།   པ་ཞིའི་ཙུང་ཐུང་ལུའུ་ལ་ཡིས་ཧྥུའུ་ཐཱ་ལེ་སཱ་ནས་འཚམས་འདྲིར་ཡོང་བའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།  ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ལ་མཇལ་འཕྲད་གནང་།

ལུའུ་ལ་ཡིས་ཝང་དབྱི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་སྒྲོག་བྱེད་རྒྱུའི་རེ་ཞུ་བྱས་པ་དང་།    ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕན་ཚུན་ཡིད་ཆེས་དང་མཛའ་བརྩེར་ཚད་མཐོའི་མཐོང་ཆེན་བྱེད་པའི་ཚུལ་བསྟན་པར་མ་ཟད།   པ་ཞི་དང་ཀྲུང་གོའི་མཐོ་རིམ་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པར་རེ་སྒུག་དང་།   རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལེའུ་གསར་པ་བྲིས་ནས་པ་ཞི་དང་ཀྲུང་གོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་གཏོང་འདོད་ཡོད།   འབྲེལ་བ་བཙུགས་པ་ནས་བཟུང་།   པ་ཞི་ཡིས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་དང་དེར་རྒྱབ་སྐྱོར་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་།     རྗེས་ཕྱོགས་ཀྱང་བློ་བརྟན་འགྱུར་མེད་སྒོས་ལངས་ཕྱོགས་འདི་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་ངེས།   པ་ཞི་ཡིས་ཀྲུང་གོའི་འཕེལ་རྒྱས་མདུན་ལྗོངས་ལ་ལྟ་སྟངས་ཡག་པོ་འཛིན་བཞིན་ཡོད་པ་དང་།    ཀྲུང་གོ་ཕྱོགས་ཀྱི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་དཔྱད་གཞིར་འཛིན་རྒྱུར་རེ་ལྟོས་བྱེད་ཀྱིན་ཡོད་ལ།   པ་ཞི་དང་ཀྲུང་གོའི་མཉམ་ལས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་མ་ཟད།   ཀྲུང་གོའི་ཁེ་ལས་ཀྱིས་པ་ཞི་རུ་མ་དངུལ་གཏོང་ཚད་ཆེ་རུ་གཏོང་བར་དགའ་བསུ་ཞུ་བཞིན་ཡོད།   པ་ཞི་དང་ཀྲུང་གོ་གཉིས་བར་གནད་དོན་གལ་ཆེན་མང་པོའི་སྟེང་ཐུན་མོང་གི་ངོས་འཛིན་ཡོད་པ་དང་།   མཉམ་དུ་འཛམ་གླིང་བཅོས་སྐྱོང་བྱེད་ཐབས་འཐུས་ཚང་དུ་གཏོང་བར་རེ་སྒུག་བྱས་ཡོད་ལ།   འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་དང་རྒྱལ་སྤྱིའི་སྐད་ཆ་བཤད་དབང་མཉམ་དུ་ཇེ་དྲག་ཏུ་གཏོང་འདོད་ཡོད།

ཝང་དབྱི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བརྩེ་བའི་འཚམས་འདྲི་བརྒྱུད་སྒྲོག་བྱས་པ་དང་།   པ་ཞི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་བསྲུང་དང་ཀྲུང་གོ་ཕྱོགས་ཀྱི་ལུགས་མཐུན་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་པར་བསྟོད་བསྔགས་བྱེད་བཞིན་ཡོད།    ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་པ་ཞི་ཡིས་མགྱོགས་མྱུར་སྒོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་།    བློ་བརྟན་འགྱུར་མེད་ངང་པ་ཞི་ཡིས་རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་བྱེད་ནུས་གལ་ཆེན་འདོན་སྤེལ་དང་ཕྱོགས་མང་གྲོས་ཚོགས་རབ་དང་རིམ་པ་བཟང་བོར་བསྒྲུབ་པར་རྒྱབ་སྐྱོར་བྱེད་ངེས།   རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བ་གོ་སྐབས་སུ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བཟང་བོ་བྱེད་པ་དང་།   མཐོ་རིམ་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ།   འཐབ་ཇུས་འབྲེལ་འདྲིས་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་གོ་དང་པ་ཞིའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་མདུན་ལྗོངས་གསར་པ་བཏོད་འདོད་ཡོད།    ཕྱོགས་གཉིས་ཀྱིས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་ཀྲུང་གོ་དང་པ་ཞིའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པའི་རྒྱང་རིང་གི་དམིགས་འབེན་གཏན་འཁེལ་གསལ་བོ་བྱས་ཏེ་ཀྲུང་གོ་དང་པ་ཞིའི་ཡུན་རིང་བློ་གཏད་ཆོག་པའི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་བརྡ་རྟགས་མངོན་པར་བྱེད་དགོས།   མཐུན་སྒྲིལ་ཡིད་ཆེས་དང་འཐབ་ཇུས་མཐུན་སྦྱོར་ལ་སྔར་ལས་ཤུགས་བསྣན་ནས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་འགན་འཁྲིའི་ཁག་ཁུར་མངོན་པར་བྱེད་དགོས།

འཚམས་འདྲིའི་སྐབས་སུ།  ཝང་དབྱི་ཡིས་ད་རུང་པ་ཞིའི་ཙུང་ཐུང་གཞོན་པ་ཨ་ཨར་ཁུ་མེན་དང་ཙུང་ཐུང་གི་དབུ་བཞུགས་དམིགས་བསལ་བློ་འདྲི་པ་ཨ་མའོ་ལིན་ལ་མཇལ་འཕྲད་གནང་བར་མ་ཟད།   ཕྱི་འབྲེལ་དཔོན་ཝེ་ཨེ་ལ་དང་ཀྲུང་གོ་དང་པ་ཞིའི་ཕྱི་འབྲེལ་དཔོན་རིམ་པའི་ཕྱོགས་ཡོངས་འཐབ་ཇུས་གྲོས་མོལ་ཐེངས་བཞི་པར་མཉམ་དུ་འགོ་འཛིན་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།