ཧཱ་མ་སིའི་འཐུས་ཚབ་ཚོགས་པ་ཞིག་གིས་ཨུ་རུ་སིར་མཚམས་འདྲི་བྱས་པ་དང་ཨུ་རུ་སི་ཕྱོགས་ཀྱིས་བཀག་འཇུག་མི་སྣ་ཕྱིར་གཏོང་བའི་འབོད་སྐུལ་བཏང་།
2024.01.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མ་སིའི་འཐུས་ཚབ་ཚོགས་པ་ཞིག་ཚེས19ཉིན་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁོ་རུ་འཚམས་འདྲིར་སོང་ནས་ཨུ་རུ་སི་ཕྱོགས་དང་མཉམ་དུ་ཅཱ་ཧྲ་ས་ཁུལ་དུ་དམག་འཁྲུག་མཚམས་འཇོག་པར་སྐུལ་འདེད་གཏོང་བའི་ཐད་གྲོས་བསྡུར་ཞིབ་ཏུ་བྱས་པ་དང་།   ཨུ་རུ་སི་ཕྱོགས་ཀྱིས་ཧཱ་མ་སིས་མྱུར་དུ་བཀག་འཇུག་མི་སྣ་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཧཱ་མ་སིས་ཚེས19ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་བསྒྲགས་པ་ལྟར་ན།  ཧཱ་མ་སིའི་ཆབ་སྲིད་ཅུའུ་ཡི་ཁོངས་མི་མུའུ་སཱ་ཨ་པུའུ་མ་ཨར་ཙུའུ་ཁི་ཡིས་ཉིན་དེར་མའོ་སི་ཁོ་ནས་ཨུ་རུ་སིའི་ཙུང་ཐུང་གི་དབུས་ཤར་དང་ཧྥེ་གླིང་རྒྱལ་ཁབ་ལས་དོན་གྱི་དམིགས་བསལ་འཐུས་མི།  ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་པའོ་ཀི་ཏན་ནོ་ཧྥུའུ་དང་མཉམ་དུ་ཅཱ་ཧྲ་ས་ཁུལ་དུ་དམག་འཁྲུག་མཚམས་འཇོག་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་ལ་གྲོས་བསྡུས་ཞིབ་ཏུ་བྱས།

གསལ་བསྒྲགས་ཁྲོད་དུ།  ཧཱ་མ་སིའི་འཐུས་ཚབ་ཚོགས་པས་ཨུ་རུ་སིས་ཕྱི་འབྲེལ་ཐད་འབད་འཐབ་བྱས་པར་བསྟོད་བསྔགས་བྱས་པ་དང་།   ཨུ་རུ་སི་ཕྱོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་མི་དམངས་ལ་མི་ཆིས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུས་ཞེས་ནན་གྱིས་བསྟན།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་པའོ་ཀི་ཏན་ནོ་ཧྥུའུ་ཡིས་མཱ་ཨར་ཙུའུ་ཁི་ལ་སྣེ་ལེན་བྱས་པར་བདེན་དཔང་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།