ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་ཚེས་ཉི་ཤུ་ཉིན་བསྒྲགས་པ་ལྟར་ན། དགུན་ཁའི་དྲག་རླུང་གི་ཤུགས་རྐྱེན་ལས། འདས་པའི་གཟའ་འཁོར་གཅིག་གི་ནང་ཨ་མེ་རི་ཁར་ཉུང་མཐར་ཡང་མི་གྱ་གསུམ་ཡ་ང་བའི་ནམ་ཟླ་ལས་བྱུང་བའི་འགྲིམ་འགྲུལ་དོན་རྐྱེན་སོགས་ལས་རྐྱེན་ལམ་དུ་ཤོར། དེའི་ནང་ཐེན་ནཱ་ཞི་མངའ་སྡེ་ནས་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་། ཨི་ལེ་ཀང་མངའ་སྡེ་དང་དབྱེ་ལེ་ནོའུ་དབྱེ་མངའ་སྡེ། པེན་ཞི་ཧྥ་ནེ་ཡཱ་མངའ་སྡེ། མུས་ཞི་ཞི་པུས་མངའ་སྡེ་སོགས་ཀྱིས་ཀྱང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྙན་ཞུ་བྱས་ཡོད། ཨི་ལེ་ཀང་མངའ་སྡེ་ནས་ཚེས་ཉི་ཤུ་ཉིན་ཁྱིམ་ཚང་ཁྲི་བཞི་དང་སྟོང་ལྔ་ལྷག་ལ་གློག་ཆད་པ་དང་། མངའ་སྡེ་དེ་མིག་སྔར་བྲེལ་མྱུར་རྣམ་པར་གནས་ཡོད། གནམ་གཤིས་སྔོན་བརྡ་ལས་མངོན་པ་ལྟར་ན། ཚེས་ཉེར་གཅིག་ཉིན་ཨ་མེ་རི་ཁའི་ས་ཁུལ་མང་བོར་སྔར་བཞིན་དུ་ཡ་ང་བའི་ནམ་ཟླ་འབྱུང་སྲིད།
བསོད་ནམས་ཚེ་རིང་གིས་བསྒྱུར།