ཁྲའོ་ཞན་གྱིས་རྣམ་པ་གསར་བའི་འཐབ་ཇུས་སྐོར་འདེད་འཕུར་མདའ་ཐོག་དང་པོར་གཏོང་འཕེན་ཚོད་ལྟ་བྱས།
2024.01.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་འཕུར་མདའི་སྤྱི་ཁྱབ་ཅུའུ་ཡིས་ཚེས་ཉེར་བཞི་ཉིན་གསར་སྤེལ་བྱེད་བཞིན་པའི་མེ་ཤུགས་འཕུར་མདའ-3-31རྟགས་ཅན་གྱི་རྣམ་པ་གསར་བའི་འཐབ་ཇུས་སྐོར་འདེད་འཕུར་མདའ་ཐོག་མར་གཏོང་འཕེན་ཚོད་ལྟ་བྱས་ཟེར།

བསྒྲགས་པ་ལྟར་ན། འབྲེལ་ཡོད་ཀྱི་གཏོང་འཕེན་ཚོད་ལྟ་ལས་ཉེ་འཁོར་གྱི་རྒྱལ་ཁབ་དག་གི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་མི་སྲིད་ལ། ས་ཁུལ་གྱི་གནས་བབ་ལ་འབྲེལ་བ་མེད་ཟེར།

ཁྲའོ་ཞན་གྱི་འཕུར་མདའི་སྤྱི་ཁྱབ་ཅུའུ་ཡིས་བསྟན་དོན། ཐེངས་འདིའི་གཏོང་འཕེན་ཚོད་ལྟ་བྱས་པ་ནི་ཁྲའོ་ཞན་གྱི་མཚོན་ཆའི་མ་ལག་རྒྱུན་ཆད་མེད་པར་གསར་བསྒྱུར་བྱེད་པའི་བརྒྱུད་རིམ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།