ནེ་ཀྲི་རི་ཡཱའི་དབུས་ཕྱོགས་ཀྱི་མཐོ་སྒང་མཁའ་སྡེའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། མངའ་སྡེ་དེར་ཉེ་སྔོན་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་ཟེར།
མཐོ་སྒང་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཨ་ལཱ་པའོ་ཡིས་བཤད་རྒྱུར། མཐོ་སྒང་མངའ་སྡེའི་མན་ཀུའུ་ས་ཁུལ་གྱི་མཁའ་ཧྲ་ལོས་ཁི་སྡེ་ཁུལ་དུ་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བཞི་ཉིན་འཇབ་རྒོལ་ཐེབས་པ་དང་། མིག་སྔར་ཉུང་མཐར་ཡང་འདས་པོའི་བེམ་པོ་བཅུ་རྙེད་ཡོད་ལ། གཞན་ཡང་མི་གཉིས་ལ་རྨས་ཕོག་ཡོད། ཉུང་མཐར་ཡང་ཁང་བ་བཅུ་ལ་གཏོར་བརླག་ཐེབས་ཡོད། འཇབ་རྒོལ་མཁན་གྱི་དམིགས་ཡུལ་མིག་སྔར་ད་རུང་གསལ་བོར་མི་ཤེས་ཟེར།
གཞན་ཡང་མན་ཀུའུ་ས་ཁུལ་གྱི་སྤྱི་ཚོགས་རིག་གནས་རྩ་འཛུགས་མུའུ་ཝ་ཧཱ་ཝུའུ་ཨར་འཕེལ་རྒྱས་མཐུན་ཚོགས་ཀྱིས་ཚེས་ཉེར་བཞི་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། ཉུང་མཐར་ཡང་མི་སུམ་ཅུ་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར།
ཉེ་བའི་ཟླ་ངོ་འགའི་རིང་ལ། ནེ་ཀྲི་རི་ཡཱའི་ས་ཁུལ་མང་བོར་བསྟུད་མར་དྲག་ཆས་འཇབ་རྒོལ་དོན་རྐྱེན་བྱུང་ནས། མི་མང་བོར་ཤི་རྨས་ཐེབས་པའམ་བཙན་ཁྲིད་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།