ཧྥེ་ལེ་པེན་གྱི་མཚོ་དམག་གིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། གྲུ་གཟིངས་གཉིས་ཉེ་སྔོན་ཧྥེ་ལེ་པེན་གྱི་པཱ་ལཱ་ཝང་ཞིང་ཆེན་ཉེ་འདབས་ཀྱི་མཚོ་ཁོངས་ནས་རྒྱ་མཚོར་ནུབ་པ་དང་། གྲུ་གཟིངས་སྟེང་གི་འགྲུལ་བ་བཅུ་གཅིག་གར་སོང་རྙེད་མེད་ཟེར།
ཧྥེ་ལེ་པེན་མཚོ་དམག་གི་ནུབ་ཕྱོགས་དམག་དཔུང་གི་དམག་སྤྱི་ཧཱ་ཝེ་ཨར་གྱིས་བཤད་རྒྱུར། གྲུ་གཟིངས་གཉིས་ཚེས་ཉེར་བཞི་ཉིན་པཱ་ལཱ་ཝང་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་པུའུ་ལིན་སེ་སཱ་གྲུ་ཁའི་བྱང་ཤར་ཕྱོགས་ཀྱི་ལོ་ཧཱ་སི་ཉེ་འདབས་ཀྱི་མཚོ་ཁོངས་སུ་རྒྱ་མཚོར་ནུབ་པ་དང་། ཧྥེ་ལེ་པེན་གྱི་མཚོ་དམག་གིས་གྱེན་འཕུར་གནམ་གྲུ་ཞིག་མངག་ནས་སྔོག་བཤེར་བྱས། མིག་སྔར་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།