ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ཅུའུ་ཡིས་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བཞི་ཉིན་བར་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ། ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨིན་གྱིས་ཚོགས་ཐོག་ནས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ་དམངས་འཚོ་ལེགས་བཅོས་བྱེད་དགོས་པ་ནན་གྱིས་བསྟན།
བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ངལ་རྩོལ་ཏང་གི་མཁར་གྲོང་གི་བར་ཁྱད་ཇེ་ཆུང་དུ་གཏོང་བ་དང་། ས་གནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་དཔལ་འབྱོར་འཕེལ་རྒྱས་སྲིད་ཇུས་ཡང་དག་པར་ལག་བསྟར་བྱས་ནས། མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་དགོས་པའི་རེ་བ་བཏོན།
ཅིན་ཀྲིན་ཨིན་གྱིས་ནན་གྱིས་བསྟན་དོན། ཧུར་ཐག་སྒོས་གྲོང་ཁྱེར་དང་ཞིང་སྡེ། ཀྲུང་དབྱང་དང་ས་གནས་ཀྱི་བར་ཁྱད་ཇེ་ཆུང་དུ་གཏོང་བ་དང་། ས་གནས་མི་དམངས་ཀྱི་ཕན་བདེ་ཇེ་དྲག་ཏུ་གཏོང་བ་དང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། ས་གནས་དང་ཞིང་སྡེའི་འཚོ་བའི་ཁོར་ཡུག་ལེགས་བཅོས་བྱེད་པ་བཅས་གཙོར་འཛིན་དགོས་ལ། དེ་ནི་ངལ་རྩོལ་ཏང་གིས་མིག་སྔར་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་དོན་གལ་ཆེན་ཡིན་པ་དང་། ངེས་པར་དུ་དངོས་འབེབས་བྱེད་དགོས་པའི་ཆབ་སྲིད་འཐབ་རྩོད་ཀྱི་ལས་འགན་ཡང་ཡིན་ཟེར།
བསྒྲགས་པ་ལྟར་ན། ཐེངས་འདིའི་ཆབ་སྲིད་ཅུའི་རྒྱ་བསྐྱེད་གྲོས་ཚོགས་ནས་ཤུགས་ཆེན་པོས་ས་གནས་བཟོ་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་ལ་སྐུལ་འདེད་གཏོང་བའི་གྲོས་ཆོད་ལ་གཅིག་གྱུར་བརྡས་གཅོད་བྱས་ནས་གྲོས་འཆམ་བྱུང་། ཅིན་ཀྲིན་ཨིན་གྱིས་ཁྲའོ་ཞན་མི་དམངས་དམག་དཔུང་ས་གནས་བཟོ་ལས་འཕེལ་རྒྱས་ཀྱི་བྱ་བའི་ནང་ཞུགས་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།