འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
2024.01.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་ཉེར་ལྔ་ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་ཡང་བསྐྱར་བཏང་བར་མ་ཟད། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐད་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པའི་ཚུལ་བསྟན།

ཐན་ཏི་སེ་ཡིས་བཤད་རྒྱུར། སྐོར་ཐེངས་འདིའི་འཁྲུག་རྩོད་ལས་མི་ཁྲི་གཉིས་དང་སྟོང་དྲུག་ཙམ་རྐྱེན་ལམ་དུ་ཤོར་ཡོད་པ་དང་། དེའི་ནང་བརྒྱ་ཆའི་བདུན་ཅུ་ནི་བུད་མེད་དང་བྱིས་པ་རེད་ཟེར། ཁོས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ཉམས་དམས་སུ་སོང་བའི་གནས་ཚུལ་འོག རྨས་མ་དང་དལ་གཤིས་ནད་བྱུང་བའི་ནད་པ་དག་ལ་སྨན་བཅོས་ཞབས་ཞུ་ཐོབ་ཐབས་མེད་ལ། ནད་ཡམས་དང་ལྟོགས་སྐོམ་དབང་གིས་ཚེ་སྲོག་ཤོར་བའི་ཉེན་ཁ་ཇེ་ཆེར་སོང་ཡོད། ཅཱ་ཧྲ་ས་ཁུལ་གྱི་གནས་ཚུལ་ཅི་འདྲའི་ཡ་ང་བ་ཞིག་ཡིན་པ་བསམ་པའི་ཡུལ་ལས་འདས་པ་ཞིག་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།