ཨུ་རུ་སི་ཡིས་ལེ་ཉིན་ཀི་ལེའི་སྲུང་སྐྱོབ་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བརྒྱད་ཅུ་འགོར་བར་རྗེས་དྲན་བྱས།
2024.01.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཨུ་རུ་སིའི་ཧྲིན་པུས་ཏི་པའོ་ནས་ཚེས་ཉེར་བདུན་ཉིན་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། སུའུ་ལེན་སྲུང་སྐྱོབ་འཐབ་འཁྲུག་ཁྲོད་ཀྱི་ལེ་ཉིན་ཀི་ལེའི་སྲུང་སྐྱོབ་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བརྒྱད་ཅུ་འགོར་བར་རྗེས་དྲན་བྱས།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་སོ་སོར་ཧྲིན་པུས་ཏི་པའོ་ཡི་ཕིས་སི་ཁཱ་ལེའོ་ཧྥུའུ་བང་སོ་དང་ལེ་ཉིན་ཀི་ལེ་མངའ་སྡེའི་རྗེས་དྲན་རྡོ་རིང་ཡོད་སར་སོང་སྟེ། རྔམ་བརྗིད་ལྡན་པའི་དམག་དོན་རོལ་དབྱངས་ཁྲོད་ནས་མེ་ཏོག་གི་འཕྲེང་བ་ཕུལ་ནས ལེ་ཉིན་ཀི་ལེའི་སྲུང་སྐྱོབ་འཐབ་འཁྲུག་ཁྲོད་སྐུ་གཤེགས་པའི་དཔོན་རིགས་དང་དེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་གྲོང་ཁྱེར་སྡོད་དམངས་ལ་མྱ་ངན་ཞུས། ཧྲིན་པུས་ཏི་པའོ་གྲོང་ཁྱེར་གྱི་རྗེས་དྲན་སྒྲིག་ཆས་དང་བང་སོ་གཙོ་བོ་དག་ཏུ། ས་དེའི་མང་ཚོགས་དག་ལང་ལོང་སྒོས་གྲལ་བསྒྲིགས་ཤིང་མེ་ཏོག་ཕུལ་ནས་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱས།

ཉེ་སྔོན་ཧྲིན་པུས་ཏི་པའོ་ནས་རྗེས་དྲན་འདུ་ཚོགས་དང་རོལ་དབྱང་ཚོགས་འདུ། འཆད་ཁྲིད། བརྗོད་དོན་འགྲེམ་སྟོན་སོགས་ཀྱི་བྱ་འགུལ་སྤེལ་ནས། ལེ་ཉིན་ཀི་ལེའི་སྲུང་སྐྱོབ་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་པར་རྗེས་དྲན་བྱས་པ་དང་། མང་ཚོགས་དག་གིས་ལོ་རྒྱུས་བརྗེད་མི་རུང་བའི་དྲན་སྐུལ་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།