ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་དགོང་མོར་ཅཱ་ཧྲའི་དབུས་ཕྱོགས་ཀྱི་ནོའུ་སེ་ལའེ་ཐི་ཡུལ་གྱར་བའི་སྒར་སའི་བརྩེགས་རིམ་མང་བའི་སྡོད་ཁང་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་ཡོད་ཟེར།
བསྒྲགས་པ་ལྟར་ན། བར་སྣང་འཇབ་རྒོལ་བྱེད་སྐབས་སྡོད་ཁང་དེའི་ནང་འགྲོ་སའི་ཁྱིམ་མེད་པའི་མི་མང་བོ་བསྡད་ཡོད། རྨས་མ་མང་བོ་ཅཱ་ཧྲ་དབུས་ཕྱོགས་ཀྱི་ཨ་ཁི་སཱ་སྨན་ཁང་དུ་བསྐྱལ་ཡོད་ཟེར།
ཅཱ་ཧྲ་ས་ཁུལ་གྱི་འབྲེལ་ཡོད་མི་སྣས་ཚེས་ཉེར་བརྒྱད་ཉིན་གསར་འགོད་པར་བཤད་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་མཁར་གྱི་ས་ཁུལ་མང་བོར་འགས་གཏོར་བཏང་བ་དང་། དེའི་ནང་ཅཱ་ཧྲ་མཁར་གྱི་ཧྲ་ཐིས་ཡུལ་གྱར་བའི་སྒར་སའི་འགས་གཏོར་ལས་མི་མང་བོར་ཤི་རྨས་བཟོས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།