དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཧྥ་རན་སིའི་ཕཱ་རེ་སི་རུ་སྤེལ་བཞིན་པའི་དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་བར་གྱི་འཁྲུག་རྩོད་མཚམས་འཇོག་པའི་སྐོར་ཐེངས་དང་པོའི་གྲོས་མོལ་གྲོས་ཚོགས་ལ་འཛུགས་སྐྲུན་རང་བཞིན་ལྡན་ཡང་། ཕྱོགས་གཉིས་ཀྱི་ལངས་ཕྱོགས་ཐད་སྔར་བཞིན་འགལ་བ་ཆེན་པོ་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་གསང་འཕྲིན་དང་དམིགས་བསལ་མཁོ་སྒྲུབ་ཅུའུ་ཡི་ཅུའུ་ཀྲང་པཱ་ཨར་ནེ་ཡཱ་དང་། ཨ་མེ་རི་ཁའི་ཀྲུང་དབྱང་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་པའོ་ཨིན་སི། ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི། ཨེ་ཅིབ་ཀྱི་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཁཱ་མེད་ལེ་བཅས་གྲོས་ཚོགས་ལ་ཞུགས། དེ་ནི་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་ཚོགས་ཤིག་ཡིན་ཡང་། དབྱི་སི་རལ་དང་ཕཱ་ལེ་སི་ཐན་ཕྱོགས་གཉིས་ཀྱི་ལངས་ཕྱོགས་ཐད་སྔར་བཞིན་འགལ་བ་ཆེན་པོ་ཡོད། ཚོགས་ཞུགས་མཁན་གྱིས་གཟའ་འཁོར་འདིའི་ནང་མུ་མཐུད་དུ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།
དབྱི་སི་རལ་གྱི་སྲིད་གཞུང་གི་དཔོན་རིགས་ཤིག་གིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པ་ཉིན་དེར་ལེ་པཱ་ནུན་དུ་སོང་བ་དང་། དབྱི་སི་རལ་དང་ཧཱ་མཱ་སིའི་བར་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་གྲོས་མོལ་ལ་ཞུགས་རྒྱུ་ཡིན་ཡང་། ཕྱོགས་གཉིས་བར་སྔར་བཞིན་འགལ་བ་ཆེན་པོ་ཡོད་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གྲོས་མོལ་ལ་ཨ་མེ་རི་ཁས་གཙོ་ཁྲིད་བྱས་ཡོད། ཧཱ་མཱ་སི་དང་དབྱི་སི་རལ་གྱིས་ཐད་ཀར་གྲོས་མོལ་བྱེད་པར་ཁས་ལེན་མ་བྱས་པས། ཨེ་ཅིབ་དང་ཁཱ་ཐར་ཕྱོགས་ཀྱིས་སྔོན་ལ་ཧཱ་མཱ་སིའི་བར་འབྲེལ་འདྲི་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་འཐུས་མི་ཡང་བསྐྱར་ལེ་པཱ་ནུན་དུ་སོང་ནས་དབྱི་སི་རལ་བར་གྲོས་མོལ་བྱེད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།