ཅིན་ཀྲིན་ཨིན་གྱིས་ཁྲའོ་ཞན་གྱི་ཡིབ་གཏོང་རྣམ་པ་ཅན་གྱི་འཐབ་ཇུས་སྐོར་འདེད་འཕུར་མདའི་གཏོང་འཕེན་ཚོད་ལྟའི་བྱ་འགུལ་ལ་མཛུབ་སྟོན་བྱས།
2024.01.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་དགུ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ཆེས་མཐོའི་གཙོ་འཛིན་ཅིན་ཀྲིན་ཨིན་གྱིས་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར་གསར་དུ་གསར་སྤེལ་བྱས་པའི་མེ་ཤུགས་འཕུར་མདའ-3-31རྟགས་ཅན་གྱི་ཡིབ་གཏོང་རྣམ་པ་ཅན་གྱི་འཐབ་ཇུས་སྐོར་འདེད་འཕུར་མདའི་གཏོང་འཕེན་ཚོད་ལྟའི་བྱ་འགུལ་ལ་མཛུབ་སྟོན་བྱས།

བསྒྲགས་པ་ལྟར་ན། སྐོར་འདེད་འཕུར་མདའ་གཉིས་ཁྲའོ་ཞན་གྱི་ཤར་ཕྱོགས་མཚོ་ཁོངས་ནས་བར་སྣང་དུ་འཕགས་ནས་སོ་སོར་སྐར་ཆ་སྟོང་བདུན་དང་བཞི་བརྒྱ་ཉེར་གཅིག་དང་སྐར་ཆ་སྟོང་བདུན་དང་བཞི་བརྒྱ་ཞེ་ལྔར་འཕུར་རྗེས་གླིང་ཕྲན་གྱི་དམིགས་འབེན་ལ་ཕོག་པ་རེད། འབྲེལ་ཡོད་ཀྱི་གཏོང་འཕེན་ཚོད་ལྟ་ལས་ཉེ་འཁོར་རྒྱལ་ཁབ་དག་གི་བདེ་འཇགས་ལ་ཤུགས་རྐྱེན་བཟོས་མེད་པས། ས་ཁུལ་གྱི་གནས་བབ་ལ་འབྲེལ་བ་མེད་ཟེར།

བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་མཚོ་དམག་གི་ཉིང་རྡུལ་མཚོན་ཆའི་ལེགས་བསྒྱུར་ནི་དགོས་གལ་ཆེ་བའི་དུས་རབས་ཀྱི་ལས་འགན་ཡིན་པ་དང་། རྒྱལ་ཁབ་ཀྱི་ཉིང་རྡུལ་འཐབ་ཇུས་མཚོན་ཆ་ལྡན་པའི་དྲག་ཆས་སྟོབས་ཤུགས་འཛུགས་སྐྲུན་བྱེད་པའི་སྲོག་ཤིང་རེ་བ་ཡིན་པ་བསྐྱར་སྒྲོག་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།